ང་ཚོ་བོད་པ་ཚང་ལ་ལོ་སར་མེད།

བོད་ནང་གི་བོད་མི་དག་གི་གྲོངས་ལུགས་དེ་དག་བསམ་ན། བོད་ཀྱི་དཔའ་བོ་དེ་དག་གི་རྣམ་ཤེས་གང་དུ་ཡོད་མེད་ལ་བསམ་བློ་རེ་འཁོར་དུས། བོད་པ་ཚང་གི་བདེ་སྡུག་གི་ཆེད་དུ་རང་སྲོག་བློས་གཏོང་བའི་དཔའ་བོ་དཔའ་མོ་དེ་ དག་གི་བྱས་རྗེས་བསམ་པ་དང་དྲན་ཐེངས་རེར། བོད་པ་ཚང་གི་ལོ་སར་ཞིག་གང་ནས་བྱེད་ཐུབ། ད་དུང་འདི་ནི་བོད་པ་ཚང་གི་ལོ་སར་ཡང་མིན་ལ་འདི་ནི་སྟོན་པ་ཡེ་ཤུ་འཁྲུངས་ནས་ མི་ལོ་ཉིས་སྟོང་དགུ་ཟིན་པ་ལས་བོད་པ་ཚང་ལ་ལེན་བྱ་དང་དོར་བྱ་གང་ཡང་མེད་པར་ འདོད། དེ་ལས་ད་ལོ་བོད་ཀྱི་ལོ་སར་ནག་པོ་འམ། ལོ་སར་མྱ་ངན་རྗེས་དྲན་བྱེད་ཕྱོགས་རང་རང་གི་གང་འཇོན་པ་རེ་བྱེད་ཕྱོགས་ཐད་ གྲོས་མོལ་རེ་བྱས་ན་ག་འདྲ་འདུག