བོད་ཕྱི་ནང་གཉིས་ལ་འབོད་སྐུལ།
སྲིད་གཞུང་ངན་པ་དེའི་འདོད་ཐོག་དུ་འགྲོ་བ་ལས་གཞིས་བྱེས་གཉིས་ཀྱི་རེ་འདོད་གང་ཡང་འགྲུབ་རྒྱུར་མི་ཕན། གཞུག་ཕྱོགས་ཕན་ཚུན་ཚང་མའི་སྐད་ཆ་ལེན་རྒྱ་དང་ཉན་རྒྱུ་ཡོད་པ། བསམ་ཤེས་དང་གུ་ཡངས་ཀྱི་བསམ་ཚུལ་རྩོམ་ཡིག་མང་བོ་ཞིག་སྤེལ་རོགས་ཟེར་ནས་རེ་སྐུལ་ཞུ་རྒྱུ་ཡིན། དེ་ལྟར་བྱེད་ཐུབ་པ་ཡིན་ན་ངེད་ཅག་བོད་ལ་སྐྱེ་བའི་དགོས་པ་དང་བོད་ལུས་ཐོབ་པའི་གྲུབ་འབྲས་ཤིག་བྱུང་བར་ཡིད་ཆེས་དང་བརྩི་བཀུར་བྱེད་མཁན་གྱི་མི་རབས་རྗེས་མ་ཞིག་འཚར་ལོངས་བྱུང་ངེས་ཡིན་པ་སེམས་སུ་འཛིན་རོགས་ཞུ།
