གངས་ཅན་པའི་སེམས་གཞས།

རྩ་བའི་བླ་མའི་སྐུ་ཚེ་བརྟན་དགོས།།

གངས་ཅན་བོད་པའི་སྙིང་ནོར་ཁྱེད་ཡིན།།

གངས་ཅན་བོད་ཀྱི་ཚེ་སྲོག་ཁྱེད་ཡིན།།

གངས་ཅན་བོད་ཀྱི་བླ་མ་ཁྱེད་ཡིན།།

 

ང་ཚོ་གངས་ཅན་བོད་ཀྱི་མི་ལ།།

འདི་ཕྱིའི་སྐྱབས་གནས་ཁྱེད་ལས་མེད་པའི།།

རྩ་བའི་བླ་མ་སྤྱན་རས་གཟིགས་དབང་།།

མ་མགོར་མྱུར་དུ་བོད་ལ་ཕེབས་ཤོག།

 

གངས་ཅན་བོད་ཀྱི་འགྲོ་བ་ཚང་མས།།

ཁྱེད་ལ་སྒུག་ནས་ཡུན་རིང་འགོར་སོང་།།

མིག་ཆུའི་ཀློང་དུ་འཚོ་མི་འདུག།

རེ་སྒུག་ཁྲོད་དུ་ཤི་འདོད་མི་འདུག།

 

རྨི་ལམ་ནང་དུ་མཇལ་ཀྱང་མི་ཕན།།

ད་ནི་མངོན་སུམ་མིག་གི་དཔྱིད་དུ།།

ཤར་བའི་དུས་སུ་སླེབས་པ་ཡིན་དུས།།

རྩ་བའི་བླ་མ་ས་མཐར་མ་བཞུགས།།

 

ང་ཚོ་གངས་ཅན་བོད་ཀྱི་ཡུལ་ན།།

བོད་ཡུལ་ཁམས་ཀྱི་སྤུན་ཟླ་ཚང་མས།།

སེམས་ཀྱི་དབྱངས་རྟ་གཅིག་དུ་བསྡུས་དེ།།

རྩ་བའི་བླ་མ་ཕེབས་རྒྱུར་སྒུག་ཡོད།།

 གངས་ཅན་པའི་སེམས་གཞས་ཤེས་པའི་གླུ་ཚིག་འདི་བོད་ཀྱི་རྡུང་ལེན་པ་སུ་ཞིག་གི་ལེན་ འདོད་ཡོད་ན་དེའི་བེད་སྤྱོད་བྱས་ན་འགྲིག་གི་ཡོད། གླུ་ཚིག་འབྲི་མཁན་ཚེ་མགོན་སྐྱབས་ཡིན།