ཕུང་བོའི་འགྲུལ་བཞུད།
བྲེལ་བའི་ལས་ལ་ཕྱོགས་པའི་སྔ་དགོང་གི་སྲོལ་དུ།།
ལུས་འདི་བྲན་ལ་འཚུད་པའི་གཤིས་ཀ་འདི་སུས་ཐེགས།།
བདེ་མོའི་ངལ་ལ་ལྐུགས་པའི་རང་གཤིས་དེ་བབས་སོང་།།
གོམ་པའི་འགྲོས་ལ་དལ་མོའི་དཔྱངས་ཐག་གི་བཟུང་སོང་།།
བསྡོད་པའི་ཁྱིམ་དུ་ཉེས་མོའི་དར་རྒུད་ཀྱི་རྨས་སོང་།།
འཁོར་བའི་གྲིབ་གཟུགས་འདི་ཉིད་ལྷན་སྐྱེས་སུ་ཡོད་འདུག།
མཚོ་ཤི་བོའི་འགྲམ་དུ་ཞོགས་པ་བྲིས། ༡༦།༡།༠༩