གངས་གཞོན་གླེང་སྟེགས་ཡང་སྒོ་བརྒྱབ་འདུག

དྲ་རྒྱ་འདི་ལ་མཚོན་ན་ཨོ་ལིམ་ཕིག་རྩེད་འགྲན་འགོ་འཛུགས་མ་བྱས་པའི་ཉིན་ཤས་སྔོན། ཉིན་གཉིས་གསུམ་ཞིག་ལ་སྒོ་བརྒྱབ་ནས་གཙང་བཤེར་ཆེན་པོ་ཞིག་བྱེད་དགོས་བྱུང་སོང་བ་དང༌། ནང་གསེས་ཀྱི་སྡེ་ཚན་མང་པོ་བསུབ་དགོས་བྱུང་སྟེ། སྔོན་མ་ནང་བཞིན་བགྲོ་གླེང་ལྷུག་པོ་བྱེད་ཡུལ་ཞིག་མེད་ནའང༌། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་དང་དུས་རྒྱུན་བགྲོ་གླེང་བྱེད་ཐུབ་པས་སེམས་པ་སྐྱིད་པོ་འདྲ་ཞིག་ཡོད། ད་ལྟ་དེ་ཡང་མེད་པ་ཆགས་འདུག ཅུང་ཙམ་ནས་སམ་ཡང་ན་སང་གནངས་ཞིག་ལ་སྒོ་ཕྱེ་ཐུབ་པའི་རེ་བ་ཆེན་པོ་ཡོད། འདི་དག་ལ་བསམ་བློ་བཏང་ན། རང་དབང་ཐམས་ཅད་བདེ་བ་དང༌། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། ཞེས་པའི་སྡོམ་ཚིག་དེ་ཡང་དངོས་ཡོད་གནས་ཚུལ་ཡིན་པ་རྭ་སྤྲོད་ཅིག་བྱུང་བ་རེད།

གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་2009་ ཟླ་1་ ཚེས་ 19  ཉིན་གྱི་ཉིན་གུང་ཆུ་ཚོད་1དང་སྐར་མ་47  ཐོག་ལྡི་ལི་ནས་བྲིས།