ཀྱེ་ཨ་ཅག་ལགས།
དབུ་སྐྲ་སིལ་ལི་བཞག་མཁན།།
ཨ་ཅག་རྣམ་པ་ཡག་པོ།།
གཟུགས་དང་རྣམ་པ་ཡོད་ན།།
ཁྱོ་ག་བོད་པ་ལོང་ཤོག།
རྟིང་ཀ་ཙོག་ཙོག་གོན་མཁན།།
ཨ་ཅག་སྐུ་གཟུགས་བདེ་བོ།།
ཉམས་དང་སྒྱུ་རྩལ་ཡོད་ན།།
བོད་པའི་ཞབས་བྲོ་ཁྲོབ་ཤོག།
ཁ་ལ་དམར་རྩི་འབྱུག་མཁན།།
ཨ་ཅག་དང་འདོད་ཚ་བོ།།
གསུང་སྐད་སྙན་པོ་ཡོད་ན།།
བོད་གཞས་གཙང་མ་ཐོངས་ཤོག།
ནུ་འབུར་ཟུར་ནས་བཏོན་མཁན།།
ཨ་ཅག་ཀྲོག་ཀྲོག་ཚ་བོ།།
མི་རིགས་ལ་རྒྱ་ཡོད་ན།།
ཕྱི་རྒྱལ་ཕེབས་རྒྱུ་གཡུགས་ཤོག།
འཇའ་མ་ཐུང་ཐུང་གོན་མཁན།།
ཨ་ཅག་མཛེས་ལྡན་ལྷ་མོ།།
ཁྲེལ་དང་ངོ་ཚ་ཡོད་ན།།
སྐུ་སྨད་བཙོང་རྒྱུ་གཡུགས་ཤོག།
གོས་ཐུང་ཁྲ་ཁྲ་གོན་མཁན།།
ཨ་ཅག་ཁྲ་ཆིལ་དགུ་ཆིལ།།
སྐྱེས་པ་ཕོ་དང་འདྲ་ན།།
གཅིན་པ་ལངས་ནས་ཐོངས་ཤོག།
༡༩༩༩ ལོར་སློབ་གྲྭ་ནས་བྲིས། ༢༠༠༡ལོར་<<སྤྱི་ཚོགས་མེ་ལོང་>>ཐོག་བཀོད།
