༄༅།།བོད་འདི་ཉིད་གསར་སྐྱེས་བྱུང་བ།
འདི་ ནི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་དུས་རབས་མདུན་སྐྱོད་ཀྱི་གོམ་སྟབས་ཤིག་ཡིན་ པ་དེའང་ཤར་ཕྱོགས་སུ་རྒྱུག་པའི་ཆུ་བོ་མང་པོ་ལྟག་ལོག་རྒྱག་ཐབས་བྲལ་བ་ཞིག་དང་ འདྲ།འདི་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་འབོད་སྒྲ་དང་མི་རིགས་ཁག་གི་མི་དམངས་ ཀྱི་རེ་འབོད་ཅིག་ཡིན་པ་དེའང་མུན་པ་སེལ་ནས་མཐར་འོད་ཟེར་མཐོང་བ་ལྟར་ཡིན།འདི་ ནི་ཆེས་མི་སེམས་འགུལ་བའི་རི་མོ་ཞིག་ཡིན་པ་སྟེ་མི་རབས་མང་པོའི་རང་ལུས་འཚོང་ བའི་གན་རྒྱ་འུར་འུར་དུ་འབར་བའི་མེ་ལྕེའི་ཁྲོད་ཐལ་བར་གྱུར་བ་དང་འུར་འུར་དུ་ འབར་བའི་མེ་ལྕེའི་ཁྲོད་ཐལ་བར་གྱུར་པའི་གྲས་སུ་ད་དུང་ས་ཞིང་གི་གན་རྒྱ་ཡོད་ལ་ དུས་རབས་ཤིག་དང་ལམ་ལུགས་ཤིག་ཀྱང་མེད་པར་གྱུར་ཡོད།ལྷ་ སའི་ཁྲོམ་གཞུང་གི་སྤྲང་པོ་དང་།བར་སྐོར་ཁྲོམ་གཞུང་གི་མགར་བ།གཙང་པོ་གསུམ་ རྒྱུག་ཁུལ་གྱི་ནང་གཟན་དང་ཁྲལ་པ།བྱང་རྩྭ་ཐང་གི་འབྲོག་པ་དབུལ་ཕོངས་བཅས་ཀྱིས་ དགའ་སྤྲོའི་མཆི་ཞག་འཁོར་བཞིན་དུ་དྲིན་དྲན་གྱི་གླུ་དབྱངས་ལེན་པ་དང་དགའ་ སྤྲོའི་ཞབས་བྲོ་འཁྲབ་ཀྱི་ཡོད།དེ་ག་རང་རེད།བོད་འདི་ཉིད་གསར་སྐྱེས་བྱུང་ཞིང་།དེ་སྔའི“སྐད་ཆ་ཤོད་ཤེས་པའི་དུད་འགྲོ”རྣམས་ལ་རང་ལུས་རང་དབང་ཐོབ་ནས་ཁོང་ཚོ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལྟར་བོད་ཀྱི་བདག་པོ་དང་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཡོད།
༡༩༦༥ ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ བསྟར་བྱས་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་སྟེ་སྤྱི་ཚོགས་ལམ་ལུགས་ཐད་ལོ་རྒྱུས་རང་བཞིན་ གྱི་མཆོང་སྐྱོད་ཐུབ་ཡོད།
༡༩༨༠ ལོ་ནས་༢༠༠༡ལོའི་བར་ཀྲུང་དབྱང་གིས་ཁྱོན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ ཚོགས་འདུ་ཐེངས་བཞི་འཚོགས་ནས་རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱ་རྒྱུའི་ འཐབ་ཇུས་ཀྱི་ཇུས་ཐག་བཅད་པ་དང“ལྟེ་བ་གཅིག་དང་།དོན་ཆེན་གཉིས།འགན་ལེན་གསུམ”བཅས་ ཀྱི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བྱེད་ཕྱོགས་གཏན་འཁེལ་ བྱས་པས་བོད་ཀྱི་དཔལ་འབྱོར་དེ་ལེགས་སྒྲིག་བྱེད་པའི་ནང་སླར་གསོ་དང་འཕེལ་རྒྱས་ བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བའི་ དུས་སྐབས་བཟང་ཤོས་སུ་རིམ་གྱིས་སླེབས་ཡོད།