ང་ཐང་ཆད་ཀི

ང་ད་དུང་   རྒྱུགས་བཞིན་འདུག

དོན་དངོས་སུ་ངས་གང་ཞིག་འཚོལ་བཞིན་ཡོད

ང་རང་ལ་ག་རེ་དགོས་ཀྱི་ཡོད

འདི་དག་གིས་ང་རང་ལ་ཚུར་བཙལ་ནས་ཡོང་

 

འཇིག་རྟེན་མིའི་ཞིང་ཁམས་ཆེན་མོ་འདི་རུ

མི་ཡོད་ཚད་ང་དང་འདྲ་བར

འཆི་བ་ལ་ཕྱོགས་པའིི་ལམ་བར་དུ 

འདི་ལྟར་ག་ཚོད་ཅིག་རྒྱུགས་ཀྱང་

མཐར་ཐུག་གང་ཞིག་རྙེད་ཟིན་པ་དེ་དག་གིས

གང་ཡང་སྤྲོད་མི་སྲིད་པར

ཚུར་ཇི་ལྟར་ཡོང་བ་བཞིན 

 ཕྱིར་འགྲོ་དུས་ཀྱང་ལག་སྟོང་དུ་འགྲོ་དགོས་པ་མ་ཡིན་ནམ

 

དེས་ན  མི་འདི་དག་གིས་དེའི་བར་དུ་གང་བྱེད་ཐུབ 

ཡང་ན  ཅི་ཞིག་བྱེད་དགོས་ཀྱི་ཡོད་པ་རེད་དམ

ང་དང་འདྲ་བར་རྒྱུགས་ནས་ཐང་ཆད་ཡོད་མཁན་ག་ཚོད་ཞིག

འཇིག་རྟེན་གྱི་གྲུ་ཟུར་རེ་རེ་ནཁུ་སིམ་མེར་སྒུག་ཡོད

 

འཆི་བ་དེ་མ་སླེབས་བར་དུ ང་ཐང་ཆད་ཀི 

ཁྱེད་རང་གང་ན་ཡོདངས་ཁྱེད་རང་ངོ་ཤེས་སམ

གཅིག་བྱས་ན་ཁྱེད་རང་གི་ང་ཤེས་ཡོད་སྲིདརེད་དེ  

ངས་ཁྱེད་རང་ད་དུང་ཤེས་ཀྱི་མེད་པ་ཅི་རེད

 

ཡོད་ཚད་ང་རང་གི་བསམ་བློ་འདི་ནོར་བས་ཡིན་ནམ

མིན་ན་ང་རང་གི་སྐྱེ་བ་འདི་ལེན་སྟངས་མ་འགྲིག་པ་ཡིན་ནམ

གང་ལྟར   ང་རང་ལམ་བར་འདི་ནས

ང་ཆད་ཐང་ཀི  ང་ཐང་ཆད་ཀི  

 

༢༢།༡།༠༩མཚན་མོ་ཆུ་ཚོད་བཅུ་བ་མ་ཟིན་པའི་སྐར་བཅུའི་སྔོན་དུ་མཚོ་འགྲམ་གྱི་ཁང་ཆུང་གཡར་མའི་ནང་དུ་བྲིས།