བོད་མི་ཞིག་རྡུང་རྡེག་ཁྲོད་འདས་གྲོངས།

བོད་ཀྱི་རྒྱ་དར་འབྲི་མཁན་ཡང་ཁོ་ཡིན་པས། གཞན་ལ་ནག་ཉེས་མེད་སྐོར་བརྗོད་ཡོད་འདུག ཟླ་འདིའི་ཚེས་༢༠ ཉིན་ཕྱི་དྲོ་ཆུ་ཚོད་༣།༤ ཙམ་ལ་བོད་ལྗོངས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་དུ་བོད་མི་གཞོན་སྐྱེས་གསུམ་གྱིས་བོད་རང་བཙན་གྱི་སྐད་འབོད་དང༌། བོད་ཀྱི་རྒྱལ་དར་དང༌། བོད་རང་བཙན་འཁོད་པའི་འཕྲེད་དར་འཕྱར་ནས་མཛོ་སྒང་གྲོང་ནས་རྫོང་གི་ཁྲོམ་གཞུང་དུ་སྐར་མ་༤༠ ཙམ་གྱི་རིང་ངོ་རྒོལ་བྱས་ཡོད་པ་རེད། གོམ་བགྲོད་ཀྱིས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་༤༠ ཙམ་ཡོང་ནས་ཁོང་རྣམས་འཕྲལ་དུ་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ཤི་མིན་རོ་མིན་དུ་བཟོས་ཡོད་འདུག
ངོ་རྒོལ་བྱེད་མཁན་གྱི་བོད་མི་གསུམ་པོ་ནི་མཛོ་སྒང་རྫོང་དབུ་ཡག་ཤང༌། དབུ་དཀར་གྲོང་ཚོ་ནས་ཡིན་པའི་ཚེ་རིང་དཔལ་འཛོམས་ཀྱི་བུ་འཕྲིན་ལས་དངོས་གྲུབ་རང་ལོ་༢༤ ཅན་དང༌། ཕ་ཆོས་ལྡན་ཉི་མ་དང༌། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ། བུ་གཡང་དར་རྒྱས་རང་ལོ་༢༣ གོང་གསལ་གཉིས་སྤུན་ཉེ་ཡང་ཡིན་འདུག འཕྲིན་ལས་རྒྱ་མཚོ། སྒྲོལ་དཀར་ལྷ་མོའི་བུ་པདྨ་ཚེ་དཔག། རང་ལོ་༢༤ ཅན་བཅས་ཡིན་འདུག
ཕྱི་ཚེས་༢༡ ཉིན་དུད་ཚང་༥༠ ཡས་མས་ཙམ་ཡོད་པའི་གྲོང་ཚོའི་བུད་མེད་དང་ཕྲུ་གུ་མང་པོ་ཞིག་ཁོང་གསུམ་གློད་བཀྲོལ་གཏོང་ཐབས་ཀྱི་ཞུ་བ་འཐེན་ཕྱིར་མཛོ་སྒང་ཕྱོགས་སུ་བསྐྱོད་ཡོད་ནའང་ཤང་གི་ས་མཚམས་ནས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་འདུག ངོ་རྒོལ་སྐབས་འདི་ལོར་རྒྱ་གཞུང་གིས་བོད་ལ་དྲག་གནོན་ཚད་མེད་བཏང་བར་བརྟེན། བོད་ལ་འདི་ལོའི་ལོ་གསར་སྤྲོད་སྐྱིད་མེད་སྐོར་ཡང་བརྗོད་ཡོད་འདུག དེའི་སྐབས་དོགས་གཞིའི་འོག་འཇུ་བཟུང་བྱས་པ་བདེ་ཆེན་སྒྲོལ་མ་དང༌། བློའི་ལྷ་མོ། ནོར་བུ་བཀྲ་ཤིས་བཅས་གློད་གྲོལ་བཏང་ཡོད་འདུག།