amdopanda@yahoo.com

ཆོས་ལུགས་པ་ཞིག་ལ་མཚོན་ན་ལོ་རྒྱུས་ཐོག་ནས་གོད་ཆགས་ཆེན་པོ་གཅིག་གི་འཇུག་འབྲས་ཡིན་པ་མ་ཟད་མི་རིགས་ཤིག་གི་ལོ་རྒྱུས་དང་རིག་གཞུང་ལ་ཡང་ཉམས་ཆགས་ཆེན་པོ་གཅིག་བཟོས་ཡོད་པ་མཐོང་གསལ་རེད། དེ་དག་གི་རིན་ཐང་དང་རྒྱུ་དངོས་ང་ཚོས་སུས་ཀྱང་བཤད་མ་དགོས་པ་རེད། ད་དུང་མ་ཉེས་ཁ་གཡོགས་ཀྱི་འོག་ཏུ་ཚུད་པའི་མང་ཚོགས་ཁྲོད་ཀྱི་རྒན་རབས་པ་དཀྱུས་མ་དེ་ཚོ་ངོས་ནས་དྲང་ནས་བློ་ཕམ་གྱི་ངང་དུ་ལུས་ནས་མི་ཚེ་འཇུག་རྫོགས་པ་རེད།

             ལོ་དེའི་དགུན་ཐོག་མདོ་སྨད་ཀྱི་ཡུལ་གྲུ་མང་ཆེས་བའི་དགོན་སྡེ་དང་མ་ཎི་ལྷ་ཁང་ལ་སོགས་པ་སྒོ་ཕྱེ་ནས་གཞི་ནས་ཆོས་ལུགས་ཀྱི་ཆོ་གའི་རྣམ་པ་ཟུར་ཙམ་ཞིག་མངོན་འགྱུར་བྱུང་། སྐབས་དེ་དང་བསྟུན་ནས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་བོད་ཀྱི་ས་གནས་གང་སར་ཕེབས་ནས་མང་ཚོགས་ལ་བཀའ་མོལ་གནང་། འོན་ཀྱང་མ་བསམ་ས་ཞིག་ལ་ཁོང་རིན་པོ་ཆེ་མཆོག་ལ་སྐབས་དེའི་དུས་ནས་བཟུང་ལྗིད་ཏིག་གེ་ཞིག་གི་ལས་འགན་ཡོད་པ་སུ་ཞིག་གིས་ཚོར་ཐུབ། གལ་སྲིད་དེའི་དུས་ནས་བཟུང་ང་ཚོའི་བླ་མ་དང་སློབ་མའི་དམ་ཚིག་དམ་པོར་གཅིག་བཅིངས་བསྡད་ཡོད་ན་དེང་སང་ང་ཚོའི་མི་རིགས་འདིའི་འདི་ལྟར་མྱོང་དགོས་དོན་ཡང་མེད་མོད། གང་ལྟར་སྤྱི་ལོ་ ༡༩༨༥ ནས་༡༩༨༦ ལོའི་བར་དེ་ནི་བོད་མི་མང་གིས་ཁོང་ཉིད་ལ་ས་ཆ་གང་ས་ནས་ཕེབས་སྟོན་བརྒྱ་ཆེན་པོ་བྱས་ཏེ་རྒན་དར་གཞོན་གསུམ་གྱི་སེམས་ལ་བདེ་སྐྱིད་ཀྱི་ཉི་མ་ཅུང་ཙམ་ཞིག་ཤར་བའི་རྣམ་པ་མངོན།