Author: lobsang la

ཊོམ་གྱིས་ལོ་གཅིག་ཙམ་གྱི་རིང་རྒྱལ་ཁབ་བདུན་ལ་གཏོར་རྒོལ།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༣ ཉིན། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁོང་ཉིད་ནི་འཛམ་གླིང་ཞི་བདེ་སྐྲུན་མཁན་ཞིག་ཡིན་ཟེར་ཡང་། ཁོང་གིས་ལོ་ངོ་གཅིག་གི་ནང་རྒྱལ་ཁབ་ཙམ་གྱི་ནང་གཏོར་རྒོལ་བྱས་ཡོད་ཅེས་བརྗོད་འདུག ཨ་རིའི་སྲིད་འཛིན་ཊོམ་གྱིས་རང་ཉིད་ནི་ལོ་རྒྱུས་ནང་གི་སྲིད་འཛིན་གཞན་དང་མི་འདྲ་བར། འཛམ་གླིང་ནང་དམག་འཁྲུག་གསར་པ་མི་སློང་མཁན་དང་།

རྒྱས་པར་གཟིགས།

རྒྱ་ནག་གི་ཆབ་སྲིད་སློབ་སྟོན་ཚོགས་ཆུང་ནས་དམག་སྤྱི་ཟུར་པ་མཐོ་ཤོས་གསུམ་ཕྱིར་ཕུད་བཏང་འདུག

སང་ཉིན་ཚེས་༤ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་ཆེན་གཉིས་ཞེས་པ་འཚོག་རྒྱུ་ཡིན་འདུག་པ་དང་། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། རྒྱལ་ཁབ་ཀྱི་ཆབ་སྲིད་སློབ་སྟོན་ཚོགས་ཆུང་ནས་དམག་སྤྱི་ཟུར་པ་མཐོ་ཤོས་གསུམ་ཕྱིར་ཕུད་བཏང་ཡོད་པ་བརྗོད་འདུག ཕྱི་ལོ་༢༠༢༦ ཟླ་༣ ཚེས་༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ། ཁ་སང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་དོན་ལ།

རྒྱས་པར་གཟིགས།

རྒྱ་གཞུང་དང་ཉི་ཧོང་གཞུང་ལ་ཞུ་འབོད་དོན་ཚན་གསུམ་རེ་བཏོན་འདུག

ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་དེ་ཉེ་ཆར་འཚོགས་ཡོད་འདུག་པ་དང་། སྐབས་དེ་དུས་རྒྱ་ནག་གཞུང་དང་ཉི་ཧོང་གཞུང་གཉིས་ལ་ཞུ་འབོད་དོན་ཚན་གསུམ་རེ་བཏོན་ཡོད་འདུག ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱར་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༢༨ ཉིན་ཉི་ཧོང་བོད་སྐྱོབ་ཚོགས་པའི་(Save Tibet

རྒྱས་པར་གཟིགས།

ཨི་རན་གྱིས་རྒྱལ་ཁབ་བརྒྱད་ལ་གཏོར་རྒོལ་བྱས་ནས་རྒོལ་ལས་བསློགས།

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༨ ཉིན། ཨ་རི་དང་ཨི་སི་རེལ་གཉིས་ཀྱིས་མཉམ་འབྲེལ་ཐོག་ཨི་རན་གྱི་གྲོང་ཁྱེར་འགའ་ཤས་སུ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གཞི་རྒྱ་ཆེ་བའི་གནམ་དམག་གིས་གཏོར་རྒོལ་ཞིག་བཏང་བ་དེས་འཛམ་གླིང་ཡོངས་ལ་གཡོ་འགུལ་ཐེབས་ཡོད་པ་དང་། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་དམག་དོན་ལས་འགུལ་འདིར་ཁྲོ་བ་ཆེན་པོ་ཞེས་དང་། ཨི་སི་རེལ་གྱིས་ལས་འགུལ་དེར་སེང་གེའི་ངར་སྒྲ་ཞེས་མིང་བཏགས་ཡོད་འདུག ཨ་རིའི་སྲིད་འཛིན་ཊོམ་གྱིས་བརྗོད་པ་ལྟར་ན། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་དང་།

རྒྱས་པར་གཟིགས།

ཕྱི་ལོ་༢༠༢༢ ནས་བཟུང་རྒྱ་ནག་གི་དམག་དཔོན་༡༠༠ ཙམ་གནས་དབྱུང་བཏང་འདུག

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༦ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་ (CSIS) གིས་སྤེལ་བའི་སྙན་ཐོ་གསར་པ་ཞིག་གི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་བཅིངས་འགྲོལ་དམག་གི་ནང་དུ་ལྐོག་ཟ་རུལ་སུངས་གཙང་བཟོ་བྱེད་པའི་མིང་ཐོག་ནས་དམག་དཔོན་མང་པོ་གནས་དབྱུང་བཏང་བ་དེས།

རྒྱས་པར་གཟིགས།

མངའ་རིས་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་ཚོགས་ཆུང་ཞིག་བཙུགས་འདུག

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༥ ཉིན་གྱི་སྔ་དྲོ། མངའ་རིས་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་པའི་ཆེད་དུ། མངའ་རིས་རིན་པོ་ཆེ་དང་འབྲེལ་ཡོད་ལ་དྭགས་དགོན་ཁག་བརྒྱད་ཀྱི་སྐུ་ཚབ་རྣམས་བཞུགས་སྒར་དྷ་སར་ཆེད་བཅར་གྱིས་༧གོང་ས་མཆོག་ལ་མཇལ་ཁ་དང་ཐུགས་སྨོན་སྐྱབས་འཇུག་ཞུས་སོང་།མཇལ་ཁའི་རྗེས་སུ་ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་ལ་བཅར་འདྲི་ཞུས་པར། ཁོང་གིས་རྒྱ་གར་དང་འཛམ་གླིང་ས་ཕྱོགས་གང་སར་མངའ་རིས་རིན་པོ་ཆེ་མཆོག་ལ་དགོངས་རྫོགས་མཆོད་འབུལ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཙོ་བོ་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཞིག་ཕེབས་རྒྱུ་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་བོད་ནང་དང་ལ་དྭགས།

རྒྱས་པར་གཟིགས།

༸གོང་ས་མཆོག་གིས་བར་འབྲོག་ཆུ་བཟང་རིན་པོ་ཆེའི་ཡང་སྲིད་ཀྱི་དབུ་སྐྲ་གཙུག་ཕུད་བཞེས།

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༥ ཉིན་གྱི་སྔ་དྲོར། ༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་གར་དང་བལ་ཡུལ། ཨ་རི་སོགས་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་༥༨༠ ཙམ་ལ་མཇལ་ཁ་བསྩལ་ཡོད་པ་དང་། ལྷག་པར་དུ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་བར་འབྲོག་ཆུ་བཟང་ཡང་སྲིད་ཆུང་སྲིད་རིན་པོ་ཆེའི་དབུ་སྐྲ་གཙུག་ཕུད་བཞེས་ཡོད་འདུག མཇལ་ཁ་གྲུབ་རྗེས་སུ།

རྒྱས་པར་གཟིགས།

མངའ་རིས་རིན་པོ་ཆེ་དགོངས་པ་རྫོགས་པར་མཆོད་འབུལ་སྨོན་ལམ།

སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་ཉེ་ཆར་དགུང་གྲངས་༨༠ ཐོག་སྐུ་འདས་གྲོངས་སུ་གྱུར་ཡོད་པ་བརྟེན། ཁ་སང་བདུན་ཚིགས་དང་པོ་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་འདུག ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ལོ་༢༠༢༦ ཟླ་༢

རྒྱས་པར་གཟིགས།

བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད།

༡༽ ༧སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེའི་རང་རྣམ།  ཕྱག་དེབ་འདི་ནི༧གོང་ས་མཆོག་གི་སྐུའི་མཚན་ཞབས་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་གི་ཐུགས་སྲས་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་སྟོབས་འབྱོར་དཔལ་བཟང་པོའི་རང་རྣམ་ཁ་སྐོང་འཕྲོས་དང་བཅས་པ་ཡིན་ལ། རྣམ་ཐར་འདིའི་ནང་དུ་རིན་པོ་ཆེ་མཆོག་གིས་གདན་ས་ཆེན་པོ་ཁག་ཏུ་མདོ་སྔགས་ཀྱི་གཞུང་ལ་གསན་བསམ་དང་། ༧གོང་ས་མཆོག་གི་སྐུའི་མཚན་ཉིད་ཞབས་ཞུ། དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་དེར་དབུ་འོག་དཔུང་འདེགས་ཀྱི་ཞབས་ཞུ་ཇི་ལྟར་ཞུས་པའི་སྐོར། དེ་བཞིན་དུ་བོད་དང་རྒྱ་གར། ཧི་མ་ལ་ཡའི་རི་རྒྱུད་བཅས་སུ་བསྟན་འགྲོའི་བདེ་དོན་རླབས་པོ་ཆེ་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཇི་ལྟར་མཛད་པའི་ཚུལ་རྣམས་ཞིབ་ཏུ་བཀོད་ཡོད་པ་དང་། དེའི་ལྷན་ཐབས་སུ་༧གོང་ས་མཆོག་གི་ཕྱག་བྲིས་ཀྱི་གསུང་འཕྲིན་དང་བཅས་པ་ཡང་བཀོད་ཡོད་འདུག

རྒྱས་པར་གཟིགས།

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབས།

དེ་རིང་ནི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཡིན་ལ། འདི་ནི་ཕྱི་ལོ་༡༩༥༢ ལོར་བྷང་ག་ལའི་སློབ་མ་ཚོས་རང་གི་ཕ་སྐད་ (Bengali) གཞུང་འབྲེལ་སྐད་ཡིག་ཏུ་བཟོ་དགོས་པའི་ཞི་བའི་ལས་འགུལ་སྤེལ་སྐབས། ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་སློབ་མ་མང་པོའི་ཚེ་སྲོག་ཤོར་བའི་དོན་རྐྱེན་ལས་བྱུང་བ་ཞིག་ཡིན། འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་གི་སྐད་ཡིག་གི་ཐོབ་ཐང་ཆེད་ཚེ་སྲོག་བཏང་བའི་གནས་ཚུལ་ཁྱད་པར་བ་ཞིག་ཡིན་ལ། དེར་བརྟེན་༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་རིག་དང་ཚན་རིག

རྒྱས་པར་གཟིགས།