Author: tenzin

སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༨ པ་ཡོངས་སུ་གྲོལ་སོང་།

ཟླ་འདིའི་ཚེས་༡༩ ་ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ཚོགས་དུས་བརྒྱད་པའི་ཐོག་སྤྱི་ཟུར་བློ་བཟང་ཡེ་ཤེས་དབུས་འོས་བསྡུ་ལས་ཁང་གི་ཚོགས་གཙོ་དང་ཚུལ་ཁྲིམས་རྡོ་རྗེ་ལས་བྱེད་འདེམས་སྐོར་ལྷན་ཁང་གི་ཚོགས་མིར་བདམས་ཐོན་བྱུང་སོང་ལ། དེ་བཞིན་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ཀྱིས་ཡིག་ཆ་ཨང་། ༤༠ པ། ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ལྕམ་སྐུ་ཇ་ནི་ཊ་ རཡེ་སེ་

རྒྱས་པར་གཟིགས།

ཨོ་སི་ཁྲུ་ལི་ཡར་གནས་སྡོད་རྒྱ་རིཌ་ཤིག་གིས་རང་ཉིད་རྒྱ་ནག་གི་སོ་མྱུལ་བ་ཡིན་པ་ཕྱིར་བསྒྲགས་བྱས་འདུག

ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་རྒྱ་རིགས་ཁྲེན་ཡོང་ལིན(Chen Yonlin )ཟེར་བ་ཞིག་གིས་རང་ཉིད་ནི་རྒྱ་ནག་གཞུང་གི་སོ་མྱུལ་བ་ཡིན་པ་དང་། མི་ལོ་བཞིའི་རིང་ཨོ་སི་ཁྲུ་ལི་ཡའི་ནང་ཡོད་པའི་རྒྱ་རིགས་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་བྱས་ནས་རྒྱ་ནག་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མྱོང་ཡོད་པར་བརྗོད་ཡོད་འདུག ཕྱི་ཚེས་༡༧ ཉིན་ཨོ་སི་ཁྲུ་ལི་ཡའི་གསར་ཁང་(60 Minutes Australia)ཟེར་བ་དེ་ཡིས་རྒྱ་རིགས་ཁྲེན་ཡོང་ལིན(Chen Yonlin

རྒྱས་པར་གཟིགས།

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་མི་གཅིག་བཅས་འོས་འདེམས་བྱས་སོང་། 

ཕྱི་ཟླ་༩ ཚེས་༡༩ བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༨ པའི་ཚོགས་ཐུན་དང་པོར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་གྲུབ་རྗེས། རང་དབང་ཅན་གྱི་སྡེ་ཚན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་འོས་འདེམས་བྱས་སོང་། དེ་ཡང་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་གྱི་འོས་མི་སྤྱི་ཟུར་བློ་བཟང་ཡེ་ཤེས་དང་ལྷ་ལུང་རྒྱལ་གཉིས་ཀྱི་མཚན་བྱང་འཆར་འབུལ་ཞུས་འདུག་པ་ལྟར། གྲོས་ཚོགས་ནང་འོས་བསྡུ་བྱེད་སྐབས་སྤྱི་ཟུར་བློ་བཟང་ཡེ་ཤེས་ལ་འོས་གྲངས་༢༩ དང་ལྷ་ལུང་རྒྱལ་ལ་འོས་གྲངས་༡༢ དང་འོས་༢

རྒྱས་པར་གཟིགས།

གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༧ པར་ལྷན་ཁང་གཉིས་དང་བསྐྱར་བཅོས་ཁྲིམས་འཆར་དང་བཅས་པའི་བགྲོ་གླེང་།

ཕྱི་ཚེས་༡༨ ཉིན་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༧ པའི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་སྤྱི་ཡོངས་བགྲོ་གླེང་དང་སྤྱི་འཐུས་རྣམ་པའི་དྲི་བར་ལན་འདེབས་བཅས་གནང་ཞིང་། སྐབས་དེར་ཉེ་ཆར་ཧྥ་རན་སིའི་རྒྱལ་སར་ཡོད་པའི་འགྲེམས་སྟོན་ཁང་གཉིས་ཀྱི་ནང་། བོད་ཀྱི་དངོས་པོ་འགའ་དང་འབྲེལ་བའི་ངོ་སྤྲོད་དུ་བོད་མིང་ཚབ་ཏུ་རྒྱ་ནག་གིས་བཏགས་པའི་ཤིས་ཙང་ཟེར་བ་ཞིག་བྲིས་ཡོད་པས། དེ་ལ་ངེས་པར་དུ་ངོ་རྒོལ་དང་ཞུ་གཏུག་བྱེད་དགོས་པ། དེ་བཞིན་ཉེར་ཆར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་གཞི་རིམ་མི་མང་རེ་འབོད་ཚོགས་པའི་ལས་འགུལ་དབུ་འབྱེད་སྐབས་སུ་དེར་བོས་པའི་མི་ཞིག་གིས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་པ་འགྲེལ་ལོག་བརྒྱབས་པ་དེ་ནི་ནོར་འཁྲུལ་ཡིན་པ་དང་། བོད་དོན་རྒྱབ་སྐྱོར་བ་རྒན་པ་མང་པོ་ཞིག་ད་ཆར་བགྲེས་སོང་དུ་འགྱུར་བཞིན་ཡོད་པར་བརྟེན། ང་ཚོའི་ངོས་ནས་ཁོང་རྣམས་ལ་མུ་མཐུད་ནས་འབྲེལ་བ་བྱེད་རྒྱུ་དང་ཁོང་ཚོའི་བུ་ཕྲུག་ཚོ་མ་འོངས་པར་བོད་དོན་ཐད་རྒྱབ་སྐྱོར་ཡོང་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར། 

རྒྱས་པར་གཟིགས།

རྒྱལ་སྤྱིིའི་དབུ་ལམ་མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་ཉིན་མོ་ཞེས་པ་སྲུང་བརྩི་ཞུས་སོང་།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་ཉིན་མོ་ཞེས་པ་དེ་རིང་སྲུང་བརྩི་ཞུས་སོང་ལ། མཛད་སྒོའི་ཐོག་ཏུ་འདི་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢ ཡིག་རྒྱུགས་ཁྲོད་བོད་ཡིག་ཨང་རིམ་རྩེ་ཕུད་ལོན་པ་རྣམས་ལ་ཆེ་བསྟོད་བྱ་དགའ་དང་གཟེངས་རྟགས་གནང་སོང་། དེ་རིང་ཕྱི་ཚེས་༡༨ ཀྱི་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཀའི་ཐོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་སུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་གནང་སོང་ལ། མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་།    དམིགས་བསལ་སྐུ་མགྲོན་དུ་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་གཙོས་པའི་དབུ་མའི་ལམ་གྱི་ཚོགས་མི་དང་བྱ་དགའ་ཐོབ་མཁན་སློབ་ཕྲུག་ཚོའི་ཕ་མ། དེ་བཞིན་རྡ་སའི་ཁུལ་གྱི་མི་མང་དང་གསར་འགོད་པ་སོགས་མཉམ་ཞུགས་གནང་འདུག 

རྒྱས་པར་གཟིགས།

གནོན་ཤུགས་དང་ཁྲིམས་བཟོ།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༥ ཆེད་བརྗོད།) འདས་པའི་ལོ་ཤས་ནང་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་ལས་དོན་ཁག་ཅིག་བཅའ་ཁྲིམས་གཞིར་བཟུང་མུ་མཐུད་མི་ཐུབ་པ་ཆགས། གྲོས་ཚོགས་ཚོགས་དུས་བདུན་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་དགོས་ངེས་ཀྱི་བསྐྱར་བཅོས་ཁག་ཅིག་བྱས་ནས་ད་ཆ་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་གསར་འདེམས་དམ་འབུལ་ཐུབ་པའི་ལམ་ཁ་ཡོད་ཀྱང་། བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་༢ པའི་“ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན།”ཞེས་པའི་དགོངས་དོན་བཞིན་ཁྲིམས་ཞིབ་པའི་འོས་མི་རག་མ་ཐུབ་པའི་གནས་ཚུལ་བྱུང་ཡོད།

རྒྱས་པར་གཟིགས།

རྒྱ་གཞུང་གིས་ཨ་རིའི་ཆོས་དཔོན་ཞིག་ལོ་ངོ་བཅུ་ཕྲག་གཉིས་ལ་ཉེ་བའི་རྗེས་སུ་གློད་བཀྲོལ་བཏང་འདུག

ཕྱི་ཟླ་༩པའི་ཚེས་༡༦ཉིན་སིས་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་མི་སེར་ཆོས་དཔོན་ཡིན་པ་ཞིག་རྒྱ་ནག་གིས་ཉེས་མེད་སྐྱོན་འཛུགས་ཀྱིས་བཙོན་འཇུག་བྱས་ཏེ་ལོ་ངོ་བཅུ་ཕྲག་གཉིས་ལ་ཉེ་བའི་རྗེས་སུ་གློད་བཀྲོལ་བཏང་འདུག ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱིས་སྲིད་འཛིན་བྷ་ཌན་གྱིས་པེ་ཅིང་དང་འབྲེལ་ལམ་བརྟན་པོར་བཟོ་བར་གལ་ཆེ་ཤོས་ཀྱི་གྱོད་གཞི་ཞིག་མཇུག་སྒྲིལ་ཡོད་པར་བརྗོད་འདུག ཌེ་ཝིཌ་ལིན། ལོ་ ༦༨ ཡིན་པའི་ཌེ་ཝིཌ་ལིན་ཞེས་པ་ཁོང་གིས་པེ་ཅིན་དུ་གསང་བའི་ཆོས་ཚོགས་ཤིག་ལ་འདུ་འཛོམས་བྱེད་སའི་ལྟེ་གནས་ཤིག་འཛུགས་རོགས་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་གཡོ་སྒྱུའི་ཉེས་འཛུགས་བྱས་ཏེ་༢༠༠༦ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག ཨ་རིའི་གཞུང་གིས་དེ་ནི་ནོར་འཁྲུལ་ཅན་གྱི་ཉེས་འཛུགས་ཤིག་ཡིན་པར་བརྗོད་པ་དང་།

རྒྱས་པར་གཟིགས།

རྒྱ་ནག་ནང་ལྐོག་ས་རུལ་སུངས་འགོག་རྒོལ་ཁྲིམས་ལུགས་བསྐྱར་བཅོས་བྱས་ཡོད་འདུག 

རྒྱ་ནག་ནང་ལྐོག་ས་རུལ་སུངས་འགོག་རྒོལ་གྱི་ཁྲིམས་ལུགས་ཟེར་བ་བསྐྱར་བཅོས་བྱེད་རྒྱུ་ཡིན་འདུག་པ་དང་། ལྐོག་ས་རུལ་སུངས་བྱས་ཡོད་པའི་དོགས་གཞི་ཅན་གྱི་མི་སྣ་ཚོས་ཁྲིམས་རྩོད་པར་འབྲེལ་བ་བྱེད་མི་ཆོག་པ་བཟོས་ནས། བཀག་ཉར་བྱེད་རྒྱུའི་དུས་ཡུན་རིང་དུ་བཏང་ཡོད་འདུག ཕྱི་ཚེས་༡༤ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ལྐོག་ས་རུལ་སུངས་འགོག་རྒོལ་གྱི་ཁྲིམས་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་ཡིན་འདུག་པ་དང་། དེའི་ནང་ལྐོག་ས་རུལ་སུངས་བྱས་ཡོད་པའི་དོགས་ཡོད་ཅན་རྣམས་ལ་ཞིབ་བཤེར་སྐབས་འགན་ལེན་སྤྲོད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་ནའང་། དོགས་ཡོད་པ་ཚོར་ཁྲིམས་རྩོད་པ་དང་འབྲེལ་བ་བྱེད་མི་ཆོག་པ་དང་། བཀག་ཉར་དུས་ཡུན་ཡང་རིང་དུ་གཏོང་རྒྱུ་ཡིན་འདུག 

རྒྱས་པར་གཟིགས།

༧གོང་ས་མཆོག་ནས་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

ཕྱི་ཚེས་༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུའི་འཕྲོད་བཞེས་བཟང་པོ་ཡོང་བའི་སྨོན་འདུན་གནང་བའི་གསུང་འཕྲིན་ཞིག་གནང་འདུག ཁོང་གིས་རྒྱ་གར་གྱིས་འཚེ་མེད་ཞི་བ་དང་སྙིང་རྗེ་ཡི་སྲོལ་རྒྱུན་རྒྱུད་འཛིན་བྱས་ཏེ་འཛམ་གླིང་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་ཅིང་། དེའི་ཐོག་མང་གཙོའི་རྒྱལ་ཁབ་ཤུགས་ཆེན་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་དེས། ང་ཚོའི་འབྲེལ་ལམ་ཇེ་ཟབ་ཏུ་འགྲོ་བཞིན་པའི་འཛམ་གླིང་ནང་ཞི་བདེ་དང་གྲོས་མོལ་ལ་རྒྱ་གར་གྱིས་མཉམ་ཞུགས་གལ་ཆེན་བྱེད་ཐུབ་པ་མཚོན་གྱི་ཡོད། སྔར་བཞིན་ངས་གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་མང་གཉིས་ནས་ང་དང་བཙན་བྱོལ་བོད་མི་རྣམས་ལ་ལོ་ངོ་ ༦༥ ལྷག་གི་རིང་གཏོང་ཕོད་ཆེ་བའི་རོགས་རམ་དང་མགྲོན་པོ་བརྩིས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག

རྒྱས་པར་གཟིགས།

བདེ་སྲུང་བཀའ་བློན་ནས་ཨོ་གླིང་དུ་གཞིས་སྤོའི་ལས་གཞི་སླར་གསོ་བྱུང་ཡོད་པར་བརྗོད་གནང་སོང་།

ཕྱི་ཟླ་༩ ཚེས་༡༧ སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༨ པའི་ལས་ཉིན་༦ ཚོགས་ཐུན་༣ པར། སྤྱི་འཐུས་རྒྱུན་ལས་ནས་བདེ་སྲུང་གི་ལས་བསྡོམས་རྒྱས་པར་གཟིགས་ཞིབ་ཀྱིས་དོགས་འདྲི་ཕུལ་བ་ཁག་ལས། ད་ལྟའི་ཆར་ཨོ་གླིང་གི་ལས་གཞི་བསྐྱར་གསོ་ཐུབ་རེ་ཡོད་མེད་སོགས་ཀྱི་སྐོར་འདྲི་སྐབས།

རྒྱས་པར་གཟིགས།