ཕྱོགས་འགལ་མ་རེད་གཞུང་འཛིན་རེད།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༡ གི་ཆེད་བརྗོད། )བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྒྱུ་མཚན་དང་དགོས་པ་གང་ཡང་མེད་པའི་རྩོད་རྙོག་ཆུང་ཙག་ཁ་ཤས་ཡོད་པ་དང་། རྩོད་རྙོག་དེ་དག་གི་ཆེད་དུ་ཆེ་ས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་བེད་སྤྱོད་གཏོང་བ་དང་། ཆུང་ས་ནས་མི་མང་དཀྱུས་མ་ཕལ་ཆེ་བ་ཡིག་རྨོངས་ཡིན་པ་དག་ཀྱང་བེད་སྤྱོད་བཏང་ནས་འུར་ཟིང་སྣ་ཚོགས་སློང་གི་འདུག མང་གཙོའི་སྤྱི་ཚོགས་ནང་གཞུང་དང་འགོ་ཁྲིད་ཀྱི་ལས་དོན་བྱེད་ཕྱོགས་ལ་ངོ་རྒོལ་བྱེད་ཆོག་པ་དང་། བསམ་ཚུལ་གང་ཡོད་པ་དེ་ཐད་ཀར་བརྗོད་རྒྱུའི་རང་དབང་ཡོད་པ་མ་ཟད། རང་དབང་དེ་ལ་སྲུང་སྐྱོབ་ནན་པོ་དགོས་པ་དེའང་ཧ་ཅང་གལ་ཆེན་པོར་གྱུར་ཡོད། སྲིད་དོན་ཚོགས་པ་ཡོད་པའི་ཆབ་སྲིད་ཀྱི་ལམ་ལུགས་ནང་།
རྒྱས་པར་གཟིགས།