རྒྱ་གར་མང་གཙོའི་དུས་ཆེན་གངས་སྐྱིད་དུ་སྲུང་བརྩི།

རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་དང་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༦༦ འཁོར་བའི་དུས་ཆེན་ཉིན་བོད་གཞུང་བཀའ་ཤག་གི་སྒོ་རུ་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཏེ། འཚམས་འདྲི་ཞུས་གནང་ཡོད་པ་རེད།
_MG_4738དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་དྷ་ས་གངས་སྐྱིད་བཀའ་ཤག་སྒོ་རུ་སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་རྣམ་པ་དང་། དྲུང་ཆེ་ཆུང་གིས་དབུས་མཐོ་རིམ་ལས་བྱེད་རྣམས་མཉམ་འཛོམས་ཐོག སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་དང་། “རྒྱ་གར་གྱི་མང་གཙོ་དབུ་བརྙས་ནས་ལོ་༦༦ འཁོར་བར་བཀའ་ཤག་གི་མཚམས་འདྲི་ཞུ་ཡོད། དེ་བཞིན་ཨ་རིའི་སྲིད་ཨོ་བྷ་མ་ཐེངས་འདིར་རྒྱ་གར་ལ་གཟིགས་སྐོར་དུ་ཕེབས་པར་འཚམས་འདྲི་ཞུ་ཡོད། ཨ་རི་དང་རྒྱ་གར་གཉིས་ནི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་རེད་”ཅེས་སྲིད་སྐྱོང་གིས་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།