གསར་འགྱུར་གནད་བསྡུས་ཁག

ཆུ་སྒང་མཐོ་རིམ་སློབ་མའི་སློབ་ཡོན་དེ་མུ་མཐུད་མཇུག་སྐྱོང་དགོས།

ཟླ་འདིའི་ཚེས་༢༥ ནས་ཉིན་གསུམ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་འཚོགས་ཏེ། རྩིས་ཁྲར་ཞིབ་བཤེར་དང་སྔོན་རྩིས་གཏན་འབེབས། མ་འོངས་ལས་དོན་བྱེད་ཕྱོགས་བཅས་ལ་གྲོས་ཆོད་བཞག་ཡོད་པ་རེད།

རྒྱས་པར་གཟིགས།

ས་སྐྱ་གོང་མར་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ།

དཔལ་ལྡན་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེས་ཟླ་འདིའི་ཚེས་༡༩ ཉིན་ཨ་རི་མི་ནི་སོ་ཀྲ་རུ་ཡོད་པའི་ས་སྐྱ་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ས་གནས་ཀྱི་བོད་མི་གཙོས་པའི་རྒྱ་བོད་དབྱིན་གསུམ་གྱི་འདུས་པ་ཆིག་སྟོང་ལྔ་བརྒྱ་ལས་བརྒལ་བ་ལ་རྒྱལ་བ་རིགས་གསུམ་མགོན་པོའི་བཀའ་དབང་དང་བཀའ་སློབ་བསྩལ་ཡོད་པ་རེད།

རྒྱས་པར་གཟིགས།

ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པའི་ཁ་ཕྱོགས་སྐོར་ལ་བགྲོ་གླེང་།

ཟླ་འདིའི་ཚེས་༢༣ ཉིན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་ལྔ་པ་“ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པའི་ཁ་ཕྱོགས་”ཞེས་པའི་བགྲོ་གླེང་ཚོགས་འདུ་རྒྱལ་ས་ཐའེ་པེ་རུ་འཚོགས་ཡོད་པ་རེད།

རྒྱས་པར་གཟིགས།

གསང་སྔགས་རྡོ་རྗེ་ཐེག་པར་གསན་བསམ་སློབ་གཉེར།

ཟླ་འདིའི་ཚེས་༢༢ ཉིན་༧གོང་ས་མཆོག་གི་བླ་གཟའ་ལྷག་དཀར་དང་སྟབས་བསྟུན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གསང་ཆེན་རྡོ་རྗེ་ཐེག་པའི་རྩོད་གྲྭ་དངོས་སུ་གསར་འཛུགས་གནང་བའི་རྟེན་འབྲེལ་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

རྒྱས་པར་གཟིགས།

མོན་གྷོ་རུ་སྤྲུལ་སྐུ་གློད་གྲོལ་དགོས་པའི་ལས་འགུལ།

ཟླ་འདིའི་ཚེས་༦ ཉིན་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་ཡོད་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པ་དང་འབྲེལ་ཡོད་མཐོ་སློབ་འགྲིམ་བཞིན་པའི་སློབ་བ་བཅས་ཐུན་མོང་གི་གོ་སྒྲིག་འོག

རྒྱས་པར་གཟིགས།

སྤྲུལ་སྐུ་གློད་གྲོལ་ཆེད་སུད་སིའི་བོད་མིའི་ལས་འགུལ།

ཟླ་འདིའི་ཚེས་༧ ཉིན་བོད་པ་གནས་སྡོད་བྱ་ཡུལ་གྱི་འཛམ་གླིང་གི་ཡུལ་གྲུ་མང་པོར་པཎ་ཆེན་ཆུང་སྲིད་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་གཞུང་གིས་ཆ་རྐྱེན་གང་མེད་པར་གློད་གྲོལ་གཏོང་དགོས་པའི་ལས་འགུལ་ཞིག་སྤེལ་བཞིན་པ་ལྟར།

རྒྱས་པར་གཟིགས།

༢༠༥༠ ལོའི་རྒྱལ་སྤྱིའི་ཆོས་ལུགས་ཁག་གི་མི་འབོར་འཕེལ་གྲིབ་ཀྱི་ཚོད་རྩིས།

༢༠༡༠ ལོར་རྒྱལ་སྤྱིའི་ཕྱོགས་བསྡོམས་མི་འབོར་གྱི་བརྒྱ་ཆ་ནས་ནང་པའི་གྲངས་འབོར་གྱི་བརྒྱ་ཆ་དེ་༧.༡ ཡིན་པ་དང། ཕྱི་ལོ་༢༠༥༠ ལོར་ནང་པའི་བརྒྱ་ཆ་དེ་༥.༢ སུ་སླེབས་ནས་བརྒྱ་ཆ་༡.༩ མར་ཆགས་རྒྱུ་ཡིན་འདུག

རྒྱས་པར་གཟིགས།

ཨི་ཛི་རེལ་རྒྱལ་ཁབ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་ཤོས་སུ་ངོས་འཛིན།

འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་གདལ་བཤིག་གཏོང་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཨི་རན་དང། བྱང་ཀོ་རི་ཡ། སི་རི་ཡ་རྒྱལ་ཁབ་སོགས་མིན་པར་དེ་ཨི་ཛི་རལ་རྒྱལ་ཁབ་ཡིན་འདུག

རྒྱས་པར་གཟིགས།

སྐབས་༨ དྷ་ས་ས་འཐུས་ཚོགས་ཐེངས་གསུམ་པ།

སྐབས་༨ དྷ་ས་ས་འཐུས་ཚོགས་ཐེངས་གསུམ་པ་དྷ་སའི་ཁོར་ཡུག་ཚོགས་ཁང་དུ་འཚོགས་ནས། རྩིས་ལོ་༢༠༡༥་ནས་༢༠༡༦ བར་གྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབ་བྱས་ཡོད་པ་རེད།

རྒྱས་པར་གཟིགས།