གསར་འགྱུར་གནད་བསྡུས་ཁག

མི་རིགས་དང་ཆོས་ལུཌ་འདྲ་མིན་གྱི་ཚོཌ་འདུ།

སྤྱི་དམངས་ནུས་སྟོབས་ཚོགས་པ་འགན་འཛིན་ཡཱང་ཅིས་ལིས་གོ་སྒྲིག་བྱས་པའི་སྐབས་དགུ་པའི་མི་རིགས་དང་ཆོས་ལུགས་མི་འདྲ་བའི་གཞོན་སྐྱེས་ཚོགས་འདུ་ཞེས་པ་ཕྱི་ཟླ་༤ ཚེས་༢༤ནས་༢༧བར་ཐེའ་པེ་རུ་འཚོགས་པ་དང་། རྒྱ་ནག་སྲིད་གཞུང་གི་གཅིག་སྡུད་ལམ་ལུགས་ལ་འགྱུར་བ་གཏོང་དགོས་སྐོར་གླེང་ཡོད་པ་རེད།

རྒྱས་པར་གཟིགས།

བོད་པའི་བུ་མོ་ཞིག་ལ་གསེར་གྱི་གཟེངས་རྟཌ༌༌༌

བོད་པའི་བུ་མོ་པདྨ་དཔའ་མོ་ལགས་སུ་ཟླ་སྔོན་མའི་ཕྱི་ཚེས་༧ཉིན་རྒྱ་གར་ལྷོ་ཕྱོགས་མཱ་དྷ་ར་སིའི་ཡེ་ཤུའི་མཐོ་སློབ་ཅིག་ནས།དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་སློབ་ཐོན་བྱུང་བའི་ལག་ཁྱེར་དང།མཐོ་སློབ་དེ་ནས་གསེར་གྱི་གཟེངས་རྟགས་ཤིག་ཐོབ་ཡོད་པ་རེད།

རྒྱས་པར་གཟིགས།

༧གོང་ས་མཆོག་གི་མཛད་འཆར།

༧གོང་ས་མཆོག་འདི་ལོའི་ཕྱི་ཟླ་༥ ཚེས་༥ ཡུ་རོབ་ཀྱི་རྒྱལ་ཁག་ཅིག་ནང་ཆིབས་བསྒྱུར་གྱིས་ཆོས་འབྲེལ་དང་། མི་མང་ལ་བཀའ་སློབ་ལམ་སྟོན་གནང་རྒྱུའི་མཛད་འཆར་ཡོད་འདུག

རྒྱས་པར་གཟིགས།

མོན་གྷོ་རུ་བསྔོ་སྨོན་མཆོད་འབུལ།

ཟླ་འདིའི་ཚེས་༡༥ ཉིན་གྱི་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཆུ་སྒང་ས་གནས་རྒྱུན་ལས་ཁང་གི་གོ་སྒྲིག་འོག བོད་ཀྱི་གསར་བརྗེ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་དང་། མདོ་ཁམས་ཀྱི་དམག་སྤྱི་ཟུར་པ་དཀར་མཛེས་ཤེས་སྙན་ཚང་བསོད་ནམས་དབང་རྒྱལ།

རྒྱས་པར་གཟིགས།

བོད་བསྟན་སྲིད་ཆེད་ཞབས་རིམ་གསོག་སྒྲུབ།

རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ཀའི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་གོ་ལི་གྷར་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ། ཕྱི་ཟླ་༣་པའི་ཚེས་༩ ནས་ཕྱི་ཟླ་༤ པའི་ཚེས་༡༣ བར་བོད་བསྟན་སྲིད་སྤྱི་དང་། བྱེ་བྲག་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་ཐུགས་བཞེད་མཐའ་དག་ལྷུན་གྱི་འགྲུབ་པའི་ཆེད་དུ་ཨ་མི་དེ་བ་དུང་ཕྱུར་གཅིག་དང་སྒྲོལ་མ་འབུམ་ཐེར་གཉིས་ལྷག་གསོག་སྒྲུབ་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

བློ་གླིང་མཁན་པོའི་ཁྲི་འདོན་མཛད་སྒོ།

ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་འབྲས་སྤུངས་སྤོམ་ར་དགེ་བཤེས་གློ་བཟང་ཡེ་ཤེས་ལ། ༧གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོའི་ཕྱག་རྟགས་སྤྱི་ཕེབས་གནང་དོན་བཞིན་ཁྲི་འདོན་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

རྒྱས་པར་གཟིགས།

རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་གསར་པ་བསྐོ་འཆར།

སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་གྷི་རི་ལོཀ་ཡི་ཚབ་ལ་དམངས་གཙོ་ཚོགས་པའི་འཐུས་མི་མེག་སི་བྷ་ཁ་སི་བསྐོ་བཞག་བྱེད་རྒྱུའི་མིང་འདོན་གནང་ཡོད་པ་དང་། གནད་དོན་དབྱེ་ཞིབ་པས་ཨ་རིའི་གནད་ཡོད་ཀྱི་ཆབ་སྲིད་མི་སྣ་ཞིག་པེ་ཅིང་གི་ཨ་རིིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱས་པ་ནི་ཨོ་བྷ་མས་རྒྱ་ནག་གལ་གནད་དུ་འཛིན་པ་རེད་ཅེས་བརྗོད་འདུག

རྒྱས་པར་གཟིགས།

ཨོ་གླིང་སི་ཌི་ནེས་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་བརྗེ་ལེན།

ཕྱི་ཟླ་༡༢ ཚེས་༡༤ ཉིན་ཨོ་གླིང་སི་ཌི་ནེས་བོད་ཀྱི་ས་གནས་གཞོན་ནུའི་རྒྱུན་ལས་ལོ་གཉིས་འཁོར་བའི་ཉིན་དང་སྟབས་བསྟུན། རྒྱུན་ལས་གསར་རྙིང་བརྗེ་ལན་དང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་འཚོགས་སོང་། སྐབས་དང་པོའི་རྒྱུན་ལས་བརྩོན་འགྲུས་འོད་ཟེར་གྱིས་ཚོགས་ཞུགས་མི་མང་ལ་འཚམས་འདྲི་དང་སྦྲགས་ནས་གསུང་དོན།

རྒྱས་པར་གཟིགས།

བློ་གླིང་སྤོམ་ར་ཁམས་ཚན་གྱི་འདུ་ཁང་སྒོ་འབྱེད།

ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་སྤོམ་ར་ཁམས་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ། དེ་བཞིན་ཁམས་ཚན་འདུས་མང་ཡོངས་ཀྱི་སྡོད་ཁང་གྲྭ་ཤག་བཅས་གསར་བཞེངས་ལེགས་འགྲུབ་ཟིན་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

རྒྱས་པར་གཟིགས།

བོད་ཀྱི་ན་གཞོན་སྒུལ་ཤུགས། དགའ་བསུ་ཞུ་རོགས།

ཡེ་ཤེས་བསྟན་འཛིན། སློབ་མ། བྷུན་ཏར་དགེ་འོས་མཐོ་སློབ།
ཕྱི་ལོ་༢༠༡༢-༢༠༡༣ ནང་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ལོ་ན་ཆེ་ཆུང་མང་པོ་ཞིག་གིས་སྒུལ་ཤུགས་ངང་རྒྱལ་སྤྱིའི་སྟེང་མཚན་སྙན་གྲགས་ཀྱི་ཆ་ཤས་ལེན་ཐུབ་པ་ནི་གཤམ་གྱི་ཆོལ་གསུམ་གཞོན་སྐྱེས་ཁྲོད་ཆེས་དགའ་བསུ་དང་དགའ་སྤོབས་སྐྱེས་འོས་པའི་སྐལ་བཟང་ཞིག་ཏུ་གྱུར་ཡོད།

རྒྱས་པར་གཟིགས།