གསར་འགྱུར་གནད་བསྡུས་ཁག

ཆབ་སྲིད་བཙོན་ཟུར་སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་སྐུ་གཤེགས་པ།

ཟླ་འདིའི་ཕྱི་ཚེས་༡༥ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཧའེ་དྷར་བྷ་ཌའི་སྨན་ཁང་ཞིག་ཏུ་རྒྱ་ནག་གཞུང་གི་བཙོན་ཁང་དུ་བོད་དོན་ཆེད་མི་ལོ་ཧྲིལ་པོ་༢༠ བཞུགས་མྱོང་བའི་ཆབ་སྲིད་བཙོན་ཟུར། སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

རྒྱས་པར་གཟིགས།

རྫ་སྟོད་རྫོང་དུ་ས་ཡོམ་བརྒྱབ་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་༡༢ དང་སྐར་མ་༤༤ ཐོག ཡུ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཁམས་རྫ་སྟོད་རྫོང་ནང་ས་ཡོམ་ཤུགས་ཚད་རིམ་པ་༦.༤ ཅན་ཞིག་བརྒྱབ་ཡོད་འདུག

རྒྱས་པར་གཟིགས།

འབར་མའི་ནང་གཡང་ཊི་གསར་རྙེད།

ཟླ་འདིའི་ཕྱི་ཚེས་༡༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་འབར་མའི་བྱང་ཕྱོགས་སུ་ཆགས་པའི་ཀ་ཆིན་མངའ་སྡེ་ནང་ནས་གཏེར་ཁ་སྔོག་འདོན་པ་ཚོས་ལྗིད་ཚད་ཊོན་༡༧༥ ཅན་གྱི་ གཡང་ཊི་ཤིན་ཏུ་ཆེན་པོ་ཞིག་བརྙེད་ཡོད་འདུག

རྒྱས་པར་གཟིགས།

སྣར་ཐང་པར་ཁང་གི་པར་སྐྲུན་འཕྲུལ་ཆས་གསར་པ་དབུ་འབྱེད།

ཟླ་འདིའི་ཕྱི་ཚེས་༡༤ཉིན་སྲིད་སྐྱོང་བློ་བཟང་སེང་གེས་ཧིན་སྒོར་འབུམ་༡༠༥ཡི་རིན་གོང་ཅན་གྱི་སྣར་ཐང་པར་ཁང་གི་པར་སྐྲུན་འཕྲུལ་ཆས་གསར་པ་(Delta- 664)ཞིག་དབུ་འབྱེད་གནང་སོང་།

རྒྱས་པར་གཟིགས།

ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་གཞས་པ་ཞིག་ལ་ཐོབ་པ།

ཨ་རིའི་གཞས་པ་དང་གཞས་ཚིག་འབྲི་མཁན་བྷོབ་ཌ་ལན་ལ་ཕྱི་ལོ་༢༠༡༦ ལོའི་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་ཡོད་འདུག

རྒྱས་པར་གཟིགས།

ཨ་རི་བོད་ཀྱི་ཐེབས་རྩ་རོགས་སྐྱོར་གྱི་ལོ་༣༥ འཁོར་བའི་དུས་དྲན།

ཨ་རི་བོད་ཀྱི་ཐེབས་རྩ་ནས་བཙན་བྱོལ་གཞུང་དམངས་གཉིས་དང་། བོད་ནང་བུ་ཕྲུག་གི་ཤེས་ཡོན་དང། མང་ཚོགས་ཀྱི་འཕྲོད་བསྟེན། རིག་གཞུང་གཅེས་སྐྱོང་སོགས་ལས་གཞི་མང་པོའི་ཐོག་མཐུན་འགྱུར་རོགས་རམ་ཞུས་ནས་ལོ་ངོ་སུམ་བཅུ་སོ་ལྔ་འཁོར་བའི་དགའ་སྟོན་གྱི་དུས་དྲན་ཞིག་འཚོགས་འཆར་ཡོད་པ་རེད།

རྒྱས་པར་གཟིགས།

ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་དམ་འབུལ་སྐབས་རྒྱ་ནག་ལ་ངོ་རྒོལ།

ཟླ་འདིའི་ཚེས་༡༢ ཉིན་ཝ་ཤིན་ཌོན་ཉིན་རེའི་ཚགས་པར་གྱི་དྲ་གནས་ཐོག་གནས་ཚུལ་འཁོད་གསལ་ལྟར་ན། ཧོང་ཀོང་ནང་དེ་རིང་གྲོས་ཚོགས་འཐུས་མིའི་དམ་འབུལ་མཛད་སྒོ་འཚོགས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ངོ་རྒོལ་བྱེད་མཁན་བྱུང་ཡོད་པ་རེད། དེ་ཡང་སྐབས་དེར་འདི་ལོའི་ཕྱི་ཟླ་དགུ་པའི་ནང་འདེམས་ཐོན་བྱུང་བའི་ཧོང་ཀོང་མང་གཙོ་ཕྱོགས་གཏོགས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ཚོས། “ཧོང་ཀོང་རྒྱ་ནག་མ་རེད་”ཅེས་བྲིས་པའི་འཕྲེད་དར་བཟུང་བ་དང་། ཧོང་ཀོང་གི་གནད་དོན་དེ་རང་ཐག་རང་གཅོད་བྱེད་དགོས་ཞེས་བརྗོད་ཡོད་འདུག གྲོས་ཚོགས་ཀྱི་འཐུས་མིའི་ཁོངས་ནས་མི་གཅིག་གིས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་དམ་འབུལ་ཤིན་ཏུ་དལ་མོར་བསྐྱོར་ཡོད་པ་དང་། གཞན་རྣམས་ཀྱིས་རྒྱ་ནག་ཅེས་པའི་ཚིག་དེ་སྒྲ་གདངས་མ་དག་པར་བསྒྱུར་ནས་བསྐྱོར་ཡོད་འདུག

རྒྱས་པར་གཟིགས།

ཡུ་གུར་བའི་སློབ་དཔོན་ཆེན་མོ་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གཟེངས་རྟགས་ཐོབ་པ།

ཟླ་འདིའི་ཚེས་༡༡ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་མང་པོའི་སྡེ་ཚན་ཞིག་གིས། རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་ཡུ་གུར་གྱི་སློབ་དཔོན་སྐུ་ཞབས་ཨེལ་ཧམ་ཊོ་ཧེ་ཊི་( Ilham Tohti)ལ་ཕྱི་ལོ་༢༠༡༦ ལོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་མར་ཊིན་ཨིན་ནལ་སེག་གཟེངས་རྟགས་(The Martin Ennals Award) སྤྲད་ཡོད་འདུག

རྒྱས་པར་གཟིགས།

རྒྱ་ནག་ནང་ཁྲིམས་རྩོད་པ་བཅུ་ཆ་གཅིག་བསད་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྐྱོ་རུ་སོང་ཡོད་སྐོར་འཁོད་འདུག

རྒྱས་པར་གཟིགས།

བྷི་ཧར་གྲོང་གསེབ་ཀྱི་ཁྲིམས་ཁང་ཞིག་གིས་རྒྱ་ནག་གི་ཚོང་ཟོག་བཀག་པ།

པ་ཀི་སི་ཐན་རྒྱ་གར་གྱི་ཁ་གཏད་དུ་ལངས་པར་རྒྱ་ནག་གིས་རྒྱབ་སྐྱོར་བྱས་པར་བརྟེན། རྒྱ་ནག་དེ་རྒྱ་གར་གྱི་དགྲ་བོ་ཡིན་པར་བསྒྲགས་ནས་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་བྱེད་རྒྱུ་བཀག་ཡོད་འདུག

རྒྱས་པར་གཟིགས།