གསར་འགྱུར་གནད་བསྡུས་ཁག

སྐྱབས་བཅོལ་བ་ཁྲི་༡ ལྷག་གི་ཚེ་སྲོག་ཆུ་ཚོད་༤༨ ནང་བསྐྱབས།

བདུན་ཕྲག་འདིའི་གཟའ་ཟླ་བ་དང་མིག་དམར་ལ་བྱང་ཨ་ཧྥི་རི་ཁ་ནས་མི་ཧ་ཅང་མང་པོ་ཞིག་ཨི་ཊ་ལི་རུ་སྐྱབས་བཅོལ་ལ་འགྲོ་སྐབས་གྲུ་རྡིབ་ནས། མི་༢༨ འདས་གྲོངས་སུ་སོང་ཡོད་འདུག

རྒྱས་པར་གཟིགས།

ཞི་ཅིན་ཕེང་ལ་བོད་མིས་ངོ་རྒོལ་བྱེད་སྲིད་པར་སྔོན་འགོག

བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་མ་འབྱོར་བར་དུ་ལམ་ཁ་སོགས་ག་ས་ག་ལ་ཁུ་སིམ་མེར་འཇབ་བསྒུག་བྱས་ནས། སྲིད་འཛིན་འབྱོར་བ་དང་ངོ་རྒོལ་བྱེད་རྒྱུའི་ཐབས་ལམ་བེད་སྤྱོད་བྱེད་སྲིད་པ་རེད་ཅེས་གྷོ་བ་མངའ་སྡེའི་ཉེན་རྟོག་པའི་འགན་འཛིན་གྷུབ་ཏ་ཡིས་བརྗོད་ཡོད་འདུག

རྒྱས་པར་གཟིགས།

ཁེ་ན་ཊ་རུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་ལ་སྐྱོན་བརྗོད།

རྒྱ་ནག་གི་རྒྱལ་དར་ཚོགས་ཁང་གི་མདུན་དུ་སྒྲེང་འཛུགས་ཀྱིས་དུས་དྲན་སྲུང་བརྩི་བྱེད་པ་ནི་སུས་ཀྱང་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་ཁེ་ན་ཊའི་རིན་ཐང་གཅེས་སྲུང་ཚོགས་པ་ནས་གནས་ཚུལ་སྤེལ་འདུག

རྒྱས་པར་གཟིགས།

བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་ཐོག་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན།

བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་ཐོག་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་དེ་བཞིན་ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༣ ནས་༦ བར་འཚོགས་བཞིན་ཡོད་པ་རེད།

རྒྱས་པར་གཟིགས།

ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་སྡུན་མངའ་ཁུལ་དུ་རྟེན་གཞི་བྱས་པའི་དཔལ་ལྡན་ས་སྐྱ་པའི་བྱེས་ཀྱི་གདན་ས་འཕགས་ཡུལ་ར་ཛ་སྤུར་ས་སྐྱའི་ཆོས་སྒར་དུ་ས་སྐྱ་༧གོང་མའི་དགུང་ལོ་དོན་གཉིས་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད།

རྒྱས་པར་གཟིགས།

གྲོས་ཚོགས་ཀྱི་ལས་རིམ་སྐོར་དང་འབྲེལ་བའི་བགྲོ་གླེང་།

ཟླ་འདིའི་ཚེས་༡ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་སྐོར་ལ་

རྒྱས་པར་གཟིགས།

རྒྱ་ནག་གི་སློབ་ཆེན་སློབ་མའི་འཁྲིག་སྤྱོད་དང་འབྲེལ་བའི་དཀའ་རྙོག

རྒྱ་ནག་གི་སློབ་ཆེན་སློབ་མ་བརྒྱ་ཆ་༣༠ ལྷག་གིས་འཁྲིག་སྤྱོད་དང་འབྲེལ་བའི་བཙན་དབང་དང་བརྙས་བཅོས་མྱོང་གི་ཡོད་འདུག

རྒྱས་པར་གཟིགས།

འཕྲིན་ཕྲན་ཚོགས་པའི་སྙན་ངག་འགྲན་སྡུར།

འཕྲིན་ཕྲན་ཚོགས་པ་རྨོངས་སད་གླིང་གིས་བདུན་རེའི་སྙན་ངག་ཐེངས་བརྒྱ་ལོན་ཡོད་པ་དང་། ཟླ་འདིའི་ཚེས་༡ ཉིན་རྨོངས་སད་གླིང་གི་བདུན་རེའི་སྙན་ངག་ཐེངས་བརྒྱ་ལོན་པའི་མཛད་སྒོ་ཞིག་སྐད་འཕྲིན་ཐོག་འཚོགས་ཡོད་པ་རེད།

རྒྱས་པར་གཟིགས།

ཨོ་གླིང་སིད་ནི་རུ་བོད་ཁུལ་གྱི་ཆོས་ལུགས་སྣ་མང་མཉམ་ཞུགས་ཀྱི་ཞི་བདེའི་འདུ་འཛོམས། 

ཕྱི་ཟླ་༩ ཚེས་༢༥ ཉིན་ཨོ་སི་ཁྲུ་ལི་ཡའི་སིད་ནི་བོད་མིའི་འདུས་སྡོད་ས་ཁུལ་དུ། ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག འཛམ་གླིང་ཞི་བདེའི་འདུ་འཛོམས་ཞེས་པ་འཚོགས་ཡོད་པ་རེད།

རྒྱས་པར་གཟིགས།

བོད་མི་ཞིག་ལ་མི་རིགས་དབྱེ་འབྱེད་ཀྱི་རྡུང་རྡེག

ཟླ་འདིའི་ཚེས་༢༩ ཉིན་གྱི་ཨོ་སི་ཀྲོ་ལི་ཡའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༤ ཉིན་ཨོ་སི་ཀྲོ་ལི་ཡའི་སེ་པེ་རིང་ཝེལ་(springvale) ས་གནས་ཀྱི།

རྒྱས་པར་གཟིགས།