གསར་འགྱུར་གནད་བསྡུས་ཁག

གཞས་པ་མགོན་པོ་བསྟན་འཛིན་ལ་ཁྲིམས་ཆད།

གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མདོ་ཁམས་ནགས་ཤོད་འབྲི་རུ་རྫོངས་ཁོངས་ཀྱི་གཞས་པ་མགོན་པོ་བསྟན་འཛིན་༢༠༡༣ ལོའི་ཟླ་བ་༡༡ པའི་ནང་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་སྟེ། ༢༠༡༥ལོའི་ཟླ་བ་༤པའི་ཚེས་༡༥ཉིན་གཞི་ནས་ལོ་གསུམ་དང་ཟླ་བ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག

རྒྱས་པར་གཟིགས།

ས་རུད་ཀྱི་རྐྱེན་པས་མི་༥༠ ལྷག་རྐྱེན་འདས།

ཁོ་ལིམ་བྷི་ཡ་ཨན་ཏྲི་ཁུའི་ཁུལ་དུ་ས་རུད་ཀྱི་རྐྱེན་པས་མི་༥༠ རྐྱེན་འདས་དང་། མི་མང་པོ་ཞིག་གར་སོང་ཆ་མེད་གྱུར་ཡོད་པའི་གནས་ཚུལ་འདུག

རྒྱས་པར་གཟིགས།

དགའ་ལྡན་ཤར་རྩེ་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དབུ་འབྱེད།

དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དང་བརྟག་དཔྱད་ཁང་། དཔེ་མཛོད་དང་ཡིག་ཚང་སོགས་མ་ལག་དང་བཅས་པ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་པ་རེད།

རྒྱས་པར་གཟིགས།

སྐབས་༤ པའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་ནང་གཞོན་སྐྱེས་མང་ཙམ་ཡོང་ཐུབ་པའི་ཁོར་ཡུག་སྐྲུན་རྒྱུ་གལ་ཆེ་སྐོར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་སོང་།

རྒྱས་པར་གཟིགས།

འདི་ལོའི་དགེ་བཤེས་མའི་རྒྱུགས་སྤྲོད་མཇུག་བསྒྲིལ་ཡོད་པ་རེད།

ཟླ་འདིའི་ཚེས་༡ ནས་བཟུང་ཉིན་གྲངས་༡༢ རིང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་སྟིང་འཛིན་འོག དགེ་བཤེས་མའི་རྒྱུག་སྤྲོད་ལོ་རིམ་གསུམ་དེ་ཉིད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་བཙུན་དགོན་བྱང་ཆུབ་གླིང་དུ་དབུས་འཛུགས་བྱས་ཡོད་པ་དང་། ཕྱི་ཚེས་༡༢ ཉིན་མཇུག་གྲོལ་ཡོད་པ་རེད།

རྒྱས་པར་གཟིགས།

སྐུ་ཕྱྭའི་ཞབས་རིམ།

ཟླ་འདིའི་ཚེས་༡༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གསར་འབྱོར་སྐྱིད་སྡུག་གི་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུའི་བླ་གཟའ་ལྷག་དཀར་ཉིན་དང་སྟབས་བསྟུན། སྐུའི་ཞབས་རིམ་གསོག་སྒྲུབ་དང་འབྲེལ་ཆོས་ཕྱོགས་ཀྱི་ལས་འགུལ་ཞིག་མོན་གྷོ་ས་གནས་དུས་འཁོར་ཕོ་བྲང་དུ་སྤེལ་ཡོད་པ་རེད།

རྒྱས་པར་གཟིགས།

ཁྲི་བརྟན་ནོར་བུའི་རྩེ་དགོན་གྱི་ས་ཡོམ་གནོད་སྐྱོན་ལ་རོགས་སྐྱོར།

འདི་ལོའི་༤ ཚེས་༢༥ ཉིན་བལ་ཡུལ་དུ་ཤུགས་ཚད་རིམ་པ་༧༌༩ ཅན་གྱི་ས་ཡོམ་བརྒྱབ་ནས་མི་གྲངས་བརྒྱད་སྟོང་ལྷག་གི་གཅེས་པའི་ཚེ་སྲོག་ཤོར་བ་དང་། མི་གྲངས་ཁྲི་ཕྲག་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་པར་བརྟེན། བཙན་བྱོལ་བོད་མིའི་དགོན་སྡེ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་སང་སེལ་ཞལ་འདེབས། གོད་ཆག་ཁྲོད་བྱུང་ཡུལ་ལ་མྱུར་སྐྱོབ་ལས་འགུལ་སྣ་མང་སྤེལ་ཡོད་པ་རེད།

རྒྱས་པར་གཟིགས།

རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་གཉིས་ལ་རྡུང་རྡེག་བཏང་འདུག

ཁམས་ནགས་ཤོད་འབྲི་རུ་རྫོང་གི་བོད་མི་གཉིས་ལ་རྒྱ་གཞུང་ཉེན་རྟོག་པས་རྡུང་རྡེག་བཏང་ནས་རྨས་སྐྱོན་ཚབས་ཆེན་བཟོས་སྟབས། ད་ལྟ་ལྷ་སའི་བོད་ལྗོངས་མི་མང་སྨན་ཁང་ཟེར་བར་སྨན་བཅོས་བྱེད་བཞིན་ཡོད་འདུག

རྒྱས་པར་གཟིགས།

མོན་གྷོ་ས་གནས་འཐུས་མིའི་ལས་ཁུར།

ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འཐུས་ཚོགས་སྐབས་དགུ་པའི་འོས་མིར་འདེམས་ཐོན་བྱུང་བའི་ས་གནས་འཐུས་རྣམས་ཀྱིས་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཞིག་མོན་གྷོ་ས་གནས་གྲོས་ཚོགས་ཚོགས་ཁང་ནང་འཚོགས་ཡོད་པ་རེད།

རྒྱས་པར་གཟིགས།

གཏེར་ཁ་སྔོགས་འདོན་བཀག་འགོག་བྱེད་མཁན་འཇུ་བཟུང་བཀག་ཉར།

འདི་ལོའི་ཕྱི་ཟླ་༤ པའི་ནང་ཁམས་ཆམ་མདོ། མགོ་འཇོ་རྫོང་ཨ་དབོང་གྲོང་ཚོ་ཁག་ལྔ་མཉམ་རུབ་ཐོག་ནས་ས་ཁུལ་དེའི་ནང་རྒྱ་གཞུང་གིས་གཏེར་ཁ་སྔོགས་འདོན་གྱི་ལས་གཞི་སྤེལ་འཆར་ལ་ངོ་རྒོལ་བྱས་པར་བརྟེན། མི་མང་ཁག་ཅིག་འཛིན་བཟུང་བཀག་ཉར་དང་ཁག་ཅིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད།

རྒྱས་པར་གཟིགས།