བཙན་བྱོལ།

༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་གི་གྱ་སྟོན་སྲུང་བརྩི་དང་བརྟན་བཞུགས་བསྟར་འབུལ། 

དཔལ་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་དངོས་གཞི་དབུ་འཛུགས་གནང་།  ཕྱི་ཟླ་༡༠ ཚེས་༣ ཉིན་འཛམ་གླིང་ས་ཕྱོགས་གང་སར་དུ་བཞུགས་པའི་དཔལ་ས་སྐྱའི་ཆོས་རྒྱུད་འཛིན་པ་ཡོངས་ནས་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་དཔལ་ལྡན་ས་སྐྱའི་གདན་ས་རཇ་སྤུར་དཔལ་ས་སྐྱའི་ཆོས་སྒར་དུ་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་དང་ཞེ་གསུམ་པ་གཙོ་བོའི་དབུ་བཞུགས་ཐོག་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག་པ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ།  དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་། སྤྱི་མཐུས་ཚོགས་གཙོ་ཟུར་པ་དང་། སྤྱི་འཐུས་ཚོགས་གཞོན་ཟུར་པ།

རྒྱས་པར་གཟིགས།

ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མི་ཁར་ཊར་དགུང་ལོ་༡༠༠ འཁྲུངས་སྐར་ལ་༧གོང་ས་མཆོག་གིས་འཚམས་འདྲི་གནང་འདུག 

ཕྱི་ཟླ་༡༠ ཚེས་༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་(Jimmy Carter)ཇིམ་མི་ཁར་ཊར་མཆོག་དགུང་ལོ་བརྒྱ་ཐམ་པའི་འཁྲུངས་སྐར་ལ་འཚམས་འཕྲིན་ཡི་གེ་ཞིག་བསྩལ་གནང་འདུག་ལ། ཡི་གེ་དེའི་ནང་ཁོང་ཉིད་དགུང་ལོ་༡༠༠ ཕེབས་པ་ནི་སེམས་འགུལ་ཐེབས་པའི་གྲུབ་འབྲས་ཤིག་ཡིན་པར་གསུངས་གནང་འདུག་ལ།  དེ་བཞིན་ཁོང་གི་ནང་མི་དང་མཉམ་དུ་དགའ་སྤྲོའི་ངང་སྲུང་བརྩི་ཞུ་ཐུབ་པའི་རེ་བ་ཡོད་ཅེས་དང་། གཞན་ཡང་སྲིད་ཟུར་ཁོང་གིས་བསྐྱལ་བའི་མི་ཚེ་དེ་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་པ་དང་། མཁྱེན་གསལ་ལྟར།

རྒྱས་པར་གཟིགས།

༧ གོང་ས་མཆོག་ནས་ཉི་ཧོང་གི་སྲིད་བློན་གསར་པ་འཚམས་འདྲི་གནང་འདུག

ཕྱི་ཟླ་༡༠ ཚེས་༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་འོས་འདེམས་བྱུང་བའི་ཉི་ཧོང་གི་སྲིད་བློན་གསར་པ་(Shigeru Isiba)ཤི་གེ་རུ་ཨི་ཤི་བ་ལ་འཚམས་འཕྲིན་ཞིག་གནང་འདུག དེའི་ནང་དུ་ལོ་མང་རིང་ངས་ཉི་འོང་དུ་ཡང་ཡང་བསྐྱོད་རྒྱུའི་གོ་སྐབས་བྱུང་། མི་མང་གི་ཁྲོད་དུ་བྱམས་སྙིང་རྗེ་ལྟ་བུའི་འགྲོ་བ་མིའི་རིན་ཐང་གཞི་རྩའི་སྐོར་ལ་ངས་སྐུལ་མ་བྱེད་པ་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་བ། རྡུལ་ཕྲན་མཚོན་ཆ་སོགས་མཚོན་ཆ་མེད་པའི་འཛམ་གླིང་ཞི་བདེ་ཅན་ཞིག་སྐྲུན་ཐབས་སུ་འབད་བརྩོན་བྱེད་པ་བཅས་ལ་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་ཀྱི་འདུག་པར་ངས་ཐུགས་རྗེ་ཆེ་ཞུ་གི་ཡོད། ཉི་ཧོང་མི་མང་གིས་ཉི་ཧོང་རྒྱལ་ཁབ་འཛམ་གླིང་ནང་གི་དེང་རབས་ཅན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཏུ་བསྒྱུར་བར་འབད་བརྩོན་གནང་བ་དང་།

རྒྱས་པར་གཟིགས།

འཛམ་གླིང་མི་མང་ལ་ཁྱེད་ཀྱི་མཛད་འཕྲིན་ནི་ཤིན་ཏུ་གལ་འགངས་ཆེ་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞེས་ཞུས་སོང་།

ཐའེ་ཝན་གྱི་དད་ལྡན་སེར་སྐྱ་རྣམས་ཀྱིས་གསོལ་འདེབས་ཞུས་དོན་བཞིན། ཁ་སང་ཕྱི་ཚེས་༣༠ ཉིན་༧་གོང་ས་མཆོག་ནས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་ཚོ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་ཡོད་པ་རེད་ལ། དེ་རིང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་ཞུས་གནང་སོང་། དེ་ཡང་ཕྱི་ཚེས་༡ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་ཞུས་གནང་སོང་། དེ་བཞིན་ཁ་སང་ཕྱི་ཟླ་༩ ཚེས་༣༠ ཉིན་༧གོང་ས་མཆོག་ནས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་ཡོད་པ་རེད།

རྒྱས་པར་གཟིགས།

བོད་ཀྱི་གཞོན་ནུ་ཚོགས་པས་རྒྱ་ནག་དམར་ཤོག་ཚོཌ་པ་དབུ་བརྙེས་པའི་ཉིན་མོ་ཟེར་བ་དང་བསྟུན་ནས་ལྡི་ལིར་ལས་འགུལ་སྤེལ།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་ཟེར་བ་ཡིན་འདུག་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཡང་ཉིན་འདི་དང་བསྟུན་ནས་མཇུག་བསྒྲིལ་འདུག ཟླ་འདིའི་ཚེས་༡ ་ཉིན་རྒྱ་གཞུང་གིས་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་སྲུང་བརྩི་ཟེར་བ་ཞུ་བཞིན་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླང་ལས་འགུལ་བ་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ལ། གཞན་ཡང་།

རྒྱས་པར་གཟིགས།

༧གོང་ས་མཆོག་ནས་ཐའེ་ཝན་གྱི་རྒྱ་རིགས་དད་ལྡན་བ་གཙོས་པའི་ཆོས་ཞུ་བ་༧༠༠༠ ལྷག་ལ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ།

ཟླ་འདིའི་ཚེས་༣༠ ་ཉིན་གྱི་ཞོགས་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་བ་གཙོས་པའི་དད་ལྡན་ཆོས་ཞུ་བ་བདུན་སྟོང་ལྷག་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་བྱང་སྡོམ་འབོག་ཆོག་གི་ཆོས་འབྲེལ་བཀའ་དྲིན་བསྩལ་སོང་། སྐབས་དེར་༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་འཁྲུངས་ས་དང་རྗེ་རིན་པོ་ཆེའི་འཁྲུངས་སའི་བར་ཐག་ཧ་ཅང་ཉེ་བོ་ཡོད་པ་དང་། མགོན་པོ་གང་ཉིད་ཀྱི་དགོངས་པ་བཞེས་སྟངས་སོགས་རྗེ་རིན་པོ་ཆེ་དང་འདྲ་བོ་ཡོད་པ། སྤྱིར་སངས་རྒྱས་པའི་ཆོས་དང་། ལྷག་པར་དུ་བོད་ཀྱི་བསྟན་པའི་དོན་དུ་རྗེ་རིན་པོ་ཆེས་བསམ་བཞིན་དུ་སྲིད་པ་བཟུང་བ་ཧ་ཅང་གསལ་བོ་ཡིན་པ། གོང་ས་མཆོག་ཉིད་ཀྱང་རྗེ་རིན་པོ་ཆེའི་རྣམ་ཐར་ནང་བཞིན་བྱས་ཏེ་བསམ་བཞིན་དུ་སྲིད་པ་བཟུང་བ་ཞིག་ཕལ་ཆེར་ཡིན་པའི་ཁུལ་ཡིན་པ། མགོན་པོ་གང་ཉིད་ཀྱིས་གཟབ་གཟབ་མ་བྱས་ན་རྗེ་རིན་པོ་ཆེ་ཨ་མདོ་ཡིན་པ་དང་ཨ་མདོའི་ཞབས་འདྲེན་ཞུ་གི་ཡོད་པ།

རྒྱས་པར་གཟིགས།

ཧི་མ་ཅལ་མངའ་སྡེའི་ཁོངས་ཀྱི་བོད་པའི་སློབ་གྲྭ་ཁག་གི་ནང་ཁུལ་རིགས་ལམ་འདུ་འཛོམས་སྐབས་༡༡ པ་དབུ་འཛུགས་གནང་།

དེ་རིང་ཕྱི་ཚེས་༣༠་ཉིན་བོད་ཁྱིམ་གོ་གལ་པུར་དུ་ཧི་མ་ཅལ་མངའ་སྡེའི་ཁོངས་ཀྱི་བོད་པའི་སློབ་གྲྭ་ནང་ཁུལ་གྱི་སྐབས་བཅུ་གཅིག་པའི་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོ་འཚོགས་སོང་། ཐེངས་འདིའི་རིགས་ལམ་འདུ་འཛོམས་དེ་ཕྱི་ཟླ་༩པའི་ཚེས་༣༠ ནས་ཕྱི་ཟླ་༡༠ ཚེས་༥ བར་འཚོག་རྒྱུ་ཡིན་འདུག སྐབས་དེར་སྐུ་མགྲོན་གཙོ་བོར་ཤེས་རིག་ལས་ཁུངས་གྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་ཆེད་འབོད་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་དགེ་ངག་དབང་ལྷ་མོ་ལགས་དང་དགེ་འདུན་གྱི་འདུལ་བ་འཛིན་པ་ལྟ་གྲུབ་སློབ་དཔོན་རྣམ་པ།བོད་ཁྱིམ་འགན་ཛིན་ལྷན་ཚོགས་དང་གོ་པལ་པུར་དབུ་འཛིན་དང་དགེ་རྒན་དང་སློབ་ཕྲུག་བཅས་ཚང་འཛོམས་གནང་བ་དང་སློབ་གྲྭ་ཁག་དྲུག་ནས་ཕན་ཚུན་དམ་བཅའ་དང་རྟགས་བསལ་བརྒྱུད་ནས་རིགས་ལམ་རྩོད་པའི་ཐོག་ནས་མཛད་སྒོ་དབུ་འཛུགས་གནང་། མཚམས་དེར་གོ་པལ་པུར་དབུ་འཛིན་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་སྦྲགས་ཁོང་གིས་ལོ་ལྟར་ཕྱོགས་མཐའ་ཁག་ནས་སློབ་ཕྲུག་ཕེབས་པ་བཞིན། འདི་ལོར་རྡ་སྟེང་བོད་ཁྱིམ།སུ་ཇ་བོད་ཁྱིམ།ཅོན་ཏ་ར་བོད་ཁྱིམ་དང་གོ་པལ་པུར་བོད་ཁྱིམ་བཅས་ནས་སློབ་གྲྭ་རེའི་ངོས་ནས་སློབ་ཕྲུག་གྲངས་༥༠དང་སི་ལ་ཀུའི་བོད་ཁྱིམ་དང་དཔེ་སྟོན་བོད་ཁྱིམ་རེའི་ངོས་ནས་སློབ་གྲངས་༢༠། དེ་བཞིན་གོ་པལ་པུར་སློབ་གྲྭ་རང་གི་སློབ་མ་ཁག་ལ་གོ་སྐབས་དང་བསྟུན་མཉམ་བཞུགས་བཅས་ཁྱོན་བསྡོམས་པའི་སློབ་གྲངས་༣༠༠ཙམ་ཞིག་མཉམ་བཞུགས་གནང་ཐུབ་ཡོད་གསུངས་འདུག་པ་དང་།

རྒྱས་པར་གཟིགས།

འཇམ་དབྱངས་བསྟན་འཛིན་གྱི་རྐང་འཁོར་སྐོར་སྐྱོད་བོད་དོན་ལས་འགུལ་ཐེངས་ལྔ་པ་འགོ་བཙུགས།

ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་མོན་རྟ་དབང་ནས་རྒྱལ་ས་ལྡི་ལི་བར་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོང་སྐོར་སྐྱོད་ལས་འགུལ་ཐེངས་ལྔ་པ་དེ་སྤེལ་འགོ་བཙུགས་འདུག དེ་རིང་ཕྱི་ལོ་༡༩༨༧ ཟླ་༩ཚེས་༢༧ ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ནས་མི་ལོ་ཧྲིལ་པོ་༣༧ ་འཁོར་བའི་དུས་དྲན་དང་བསྟུན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་མོན་རྟ་དབང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐེངས་ལྔ་པ་དེ་སྤེལ་འགོ་བཙུགས་ཡོད་འདུག་པ་དང་། ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་དོན་ཚན་གསུམ་བཏོན་པ་དག་ནི། གཅིག་ནི་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མ་དག་བདག་བཟུང་བྱས་པའི་བོད་རྒྱལ་ཁབ་དེ་བཞིན་ཆ་རྐྱེན་གང་ཡང་མེད་པར་བོད་མིར་ཚུར་སྤྲད་དགོས་པའི་བརྡ་ལེན། གཉིས་ནི་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་སྒེར་བཙུགས་སློབ་གཉེར་ཁང་རྣམས་བཙན་ཐབས་ཀྱིས་སྒོ་བརྒྱབ་ཏུ་བཅུགས་ནས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་མཚམས་འཇོག་དགོས་པ།

རྒྱས་པར་གཟིགས།

གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཀང་ར་རྫོང་གི་ཆེས་མཐོའི་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་འདུག

ཟླ་འདིའི་ཚེས་༢༤ ཉིན་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་གྱི་གོ་སྒྲིག་འོག་༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཀང་ར་རྫོང་གི་རྫོང་དཔོན་ཧེ་མ་རཱཇ་བེ་ཝར་བཱ་ (Hemraj Bairwa) ལགས་དང་། རྫོང་དཔོན་གཞོན་པ་སོའོ་རཱ་བྷེ་ཇཱ་སལ་(Saurabh Jassal) ལགས། སྐུ་ཞབས་ཧ་རེས་གྷ་ཇུ་(Harris

རྒྱས་པར་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱིས་༧་གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་འབྲེལ་བའི་ཡོངས་ཁྱབ་གཞེན་སྐུལ།

ཉེ་ཆར་ཨོ་སི་ཁྲུ་ལི་ཡར་གནས་སྡོད་བོད་མི་སེང་གེ་ཟེར་བ་ཞིག་གིས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཡོད་པའི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ནས་དེ་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། ཕྱི་ཚེས་༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཡོངས་ཁྱབ་གཞེན་སྐུལ་ཞེས་པའི་གསར་འགོད་གསལ་བསྒྲགས་ཤིག་ཕྱི་དྲིལ་དྲུང་ཆེན་ཀརྨ་ཆོས་དབྱིངས་ནས་སྤེལ་སོང་བ་དང་། ཡོངས་ཁྱབ་གཞེན་སྐུལ་དེའི་ནང་ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་གི་ནང་ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་བྱེད་མཁན་བོད་མི་སེང་གེ་ཟེར་བ་ཞིག་གིས་བོད་མིའི་སྤྱི་ཚོགས་འཁྲུག་གཞིའི་གཏམ་འཆལ་འདྲ་མིན་སྤེལ་བཞིན་པ་མ་ཟད། ལྷག་པར་དུ་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་སྐད་ཆ་ཚབས་ཆེན་བཤད་འདུག་པ་དེས། ༧གོང་ས་མཆོག་ལ་རེ་བའི་མིག་འབུར་གཏོད་མཁན་གཞིས་བྱེས་བོད་མི་དང་། དད་དམ་གཡོ་བ་མེད་པའི་རྗེས་འཇུག་པ་ཚོར་སེམས་འཚབ་ཆེན་པོ་བཟོས་ཡོད་ཅེས་དང་། སེང་གེ་ཟེར་བ་དེའི་དྲྭ་མིང་ལ་གངས་སེང་དང་། ཆོས་མིང་ལ་བློ་བཟང་རྒྱ་མཚོ་འབོད་ཀྱི་ཡོད་འདུག་པ་དང་།

རྒྱས་པར་གཟིགས།