བཙན་བྱོལ།

སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིཌ་མི་མང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་གཏན་འཁེལ་འདུག 

༧གོང་ས་མཆོག་ཨ་རི་ནས་སུད་སིར་ཆིབས་བསྒྱུར་གནང་བ་དང་བསྟུན་སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་ནས་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་དང་གསུང་ཆོས་གསོལ་བ་བཏབ་པ་བཞིན་ཞལ་བཞེས་ཐོབ་ཡོད་འདུག  ཕྱི་ཟླ་༨ ཚེས་༡༤ ཉིན་སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་གཞོན་གྱི་མཚན་ཐོག་དང་སུད་སི་དོན་གཅོད་ལས་ཁུངས་བཅས་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་ནང་དུ་ཕྱི་ཟླ་༨ ཚེས་༢༣ རེས་གཟའ་པ་སངས་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་སུད་སིར་ཞབས་སོར་འཁོད་རྒྱུ་ཡིན་པ་དང་། སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཕྱི་ཚེས་༢༥

རྒྱས་པར་གཟིགས།

ས་རཱ་མཐོ་སློབ་དབུ་བརྙེས་ཏེ་ལོ་ངོ་༢༦འཁོར་བ་དང་སྐབས་བཞི་པ་དང་ལྔ་པའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་མཛད་སྒོ་ཞིག་ཚོགས་སོང་།

ཟླ་འདིའི་ཚེས་༡༣ ཉིན་གྱི་ཞོགས་པ་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ངོ་༢༦ འཁོར་བའི་རྟེན་འབྲེལ་སྲུང་བརྩི་དང་། སྐབས་ལྔ་པའི་ལོ་རྒྱུས་གཙུག་ལག་རབ་འབྱམས་པ་དང༌། སྐབས་བཞི་པའི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམས་ཀྱི་སློབ་ཐོན་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར་ས་རྰ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་གིས་མཐོ་སློབ་ངོ་སྤྲོད་ཀྱི་གསུང་བཤད་ཀྱི་ནང་དུ། ཁོང་གིས་ཕྱི་ལོ་༢༠༢༤ དང་༢༠༢༥ སློབ་དུས་ནང་སྐབས་གཉིས་པའི་སྐད་བརྡ་རིག་པའི་གཙུག་ལག་རབ་འབྱམས་པའི་སློབ་མ་ལྔ་དང་སྐབས་ལྔ་པའི་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་སློབ་མ་༨

རྒྱས་པར་གཟིགས།

ཨོ་གླིང་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་རིམ་ཞིག་ཚོགས་འདུག

སྤྱི་ཟླ་ ༨ ཚེས་ ༡༠ ཉིན་ཨོ་གླིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཞབས་རིམ་ཞིག་ཚོགས་ཡོད་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ཞབས་རིམ་ཚོགས་མགོན་དུ་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གདན་ཞུས་ལྟར་ཕེབས་ཡོད་པ་དང་། གཞན་ཡང་སྤྲུལ་སྐུ་ཆོས་ཉིད་དང་། མཁན་པོ་ཚེ་རིང་བཀྲ་ཤིས་སོགས་མང་ཚོགས་མང་པོ་ཞིག་མཉམ་འཛོམས་བྱུང་ཡོད་པ་དང་། ཞབས་རིམ་དུ་བཛྲ་དང་།

རྒྱས་པར་གཟིགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་གྲོལ་འདུག

རྒྱ་གར་བྱང་ཤར་ཁུལ་འབྲས་ལྗོངས་སུ་འཚོགས་པའི་གཞོན་ནུའི་ཚོགས་ཆེན་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དགོངས་དོན་བཞིན་གྲོས་གཞི་དོན་ཚན་དགུའི་ཐོག་གཙོ་བོ་བགྲོ་གླེང་གནང་ཡོད་འདུག  ཟླ་འདིའི་ཕྱི་ཚེས་༦ ཉིན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༤ པ་དེ་འཚོགས་ཡོད་པ་དང་། དུས་མཚུངས་ལོ་རེའི་མཚམས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བཅས་ལྷན་དུ་དུས་ཡུན་ཉིན་ལྔའི་རིང་འཚོགས་ཡོད་འདུག ཐེངས་འདིའི་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་གཞུང་གྲོང་གསེབ་བཟོ་ལས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་བྷོ་ཊི་ཡ་ཆུང་ཆུང་ལགས་དང་། དམིགས་བསལ་སྐུ་མགྲོན་འཕགས་བོད་མཛའ་འབྲེལ་ཚོགས་པའི་དབུས་རྒྱུན་ལས་ རུདྷ་ར་ པའོ་ཌིཡཱལ་

རྒྱས་པར་གཟིགས།

བཙན་བྱོལ་བོད་མིིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་གྲོལ། 

བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ལུ་དྷི་ཡ་ནར་འཚོགས་འདུག་པ་དང་། དུས་ཡུན་ཉིན་གྲངས་གསུམ་རིང་གྲོས་གཞི་དོན་ཚན་ལྔའི་ཐོག་བགྲོ་གླེང་གནང་ཡོད་འདུག ཕྱི་ཟླ་༨ ཚེས་ ༨ ཉིན་གྱི་སྔ་དྲོར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་རྒྱ་གར་པན་ཇཱབ་མངའ་སྡེའི་ལུ་དྷི་ཡ་ནར་དབུ་འཛུགས་གནང་བ་དང་། ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཕེབས་གནང་ཡོད་འདུག་ལ། གཞན་ཡང་ཧིན་བོད་བལ་གོས་ཚོང་ལས་ཀྱི་ཚོགས་གཙོ།

རྒྱས་པར་གཟིགས།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་འདུ་བསྐོང་ཚོགས་གནང་སྟེ་བོད་དོན་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་འདུག

ཕྱི་ཟླ་༠༨ པའི་ཚེས་ ༠༣ དང་ ༠༤ བར་རྒྱ་གར་གྱི་ཧར་ཡ་ན་མངའ་སྡེའི་སོ་ནི་པཊ་ཞེས་པའི་ས་གནས་སུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་སྐོར་ཚོགས་འདུ་བསྐོང་ཚོགས་གནང་འདུག་པ་དང་། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་དང་།  རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་དང་དྲུང་ཆེ།

རྒྱས་པར་གཟིགས།

༢༠༢༤ ལོའི་ཨོ་རྩལ་འགྲན་ཚོགས་སྐབས་བོད་མོ་ཆོས་དབྱིངས་སྐྱིད་ལ་ཨང་རིམ་༡༤ པ་ཐོབ་སོང་།

ད་ལྟའི་ཆར་༢༠༢༤ ལོའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལིམ་ཕིག་གི་རྩེད་འགྲན་དེ་ཧྥ་རན་སིར་རྩེ་བཞིན་ཡོད་པ་ལྟར།དེ་རིང་ཕྱི་ཚེས་༧གྱི་ཉིན་རྒྱབ་ཕོ་མོ་མཉམ་བསྲེས་ཀྱི་སྤྱི་ལེ་༤༥ཡི་འདུར་རྒྱུག་ཁྲོད།བོད་ཀྱི་ལུས་རྩལ་བ་གྲགས་ཅན་ཆོས་དབྱིངས་སྐྱིད་མཉམ་ཞུགས་ཀྱིས་ཁོང་མོར་ཨང་རིམ་༡༤ པ་ཐོབ་འདུག ཁོང་མོ་རྩེད་འགྲན་འདིར་ཞུགས་པའི་སྔ་ཕྱིར་གཞིས་བྱེས་ཀྱི་བོད་མི་ཚོས་དོ་སྣང་ཆེན་པོ་བྱས་སོང་ལ།ཁོང་མོའི་རྩེད་འགྲན་ལམ་ལྷོང་ཡོང་བ་ཡིག་ངག་གཉིས་ནས་སྨོན་ཚིག་འབོད་མཁན་མང་པོ་འདུག ད་ཐེངས་རྩེད་འགྲན་དངོས་ཀྱི་སྐབས་སུ་བོད་མི་མང་པོ་ཞིག་ཁོང་མོར་རྒྱབ་སྐྱོར་ཆེད་དུ་བསླེབས་འདུག་ལ། ཁ་ཤས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་ནས་ཁོང་མོར་དགའ་བསུ་ཞུས་འདུག གཞན་ཡང་དགའ་སྐྱོའི་ཚོར་སྣང་འབྲི་མཁན་དུ་མ་འདུག་ལ། སྤྱི་ཚོགས་བརྒྱུད་ལམ་གྱི་ཐོག་ཏུ་བོད་མི་མང་པོ་ཞིག་གིས་ཁོང་མོར་གསེར་གྱི་རྟགས་མ་སོགས་རྒྱལ་ཁ་ག་རེ་ཐོབ་ཀྱང་རྒྱ་གཞུང་དགའ་བྱེད་དང་རྒྱ་གཞུང་གི་མིང་རེད། བོད་ཞེན་ཅི་ཙམ་ཡོད་ཀྱང་དེར་རྒྱབ་སྐྱོར་བྱེད་མི་ཐུབ་པ་སོགས།

རྒྱས་པར་གཟིགས།

བོད་ནང་གི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མདོག་གསུམ་མཚེའུ་དང་འཁྱག་རོམ་ཕུག་པ། 

ཕྱི་༨ པའི་ཚེས་༡ ཉིན་བོད་ནང་གི་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་གི་ཁོངས་གཏོགས་སུ་ཡོད་པའི་མཚེའུ་གསུམ་དང་འཁྱག་རོམ་རིམ་པ་གཉིས་ཅན་གྱི་ཕུག་པ་ཞིག་ལ་འཛམ་གླིང་ཐོག་གི་ས་བབ་ཆེས་མཐོ་བའི་མདོག་གསུམ་མཚེའུ་དང་། བོད་ནང་གི་གཞི་རྒྱ་ཆེ་བའི་འཁྱག་རོམ་ཕུག་པའི་ནང་གི་གཅིག་བཅས་ཀྱི་འཛམ་གླིང་གི་ཟིན་ཐོའི་དཔང་ཡིག་ཐོབ་ཡོད་འདུག  བར་ཐག་ཉེ་བའི་མཚེའུ་གསུམ་གྱི་མདོག་ནི་སེར་པོ་དང་ནག་པོ། སྔོན་པོ་བཅས་ཡིན་འདུག་ལ། འཁྱག་རོམ་གྱི་ཕུག་པ་རིམ་པ་གཉིས་ཅན་དེའི་ནང་དུ་དུང་དཀར་དབྱིབས་ངོ་མཚར་བ་ཞིག་ཀྱང་ཡོད་འདུག གཞན་ཡང་ཉེ་ཆར་སྙན་གྲགས་ཆེ་བའི་ཚན་རིག་ལོ་དེབ་དང་གནའ་དཔྱད་རིག་པ་སོགས་ཀྱི་བརྒྱུད་ལམ་ཁག་མང་པོའི་ཐོག་འཛམ་གླིང་ཐོག་གི་ཆེས་རྙིང་ཤོས་ཡིན་པའི་བོད་ཀྱི་རྡོ་ཁབ་སྐོར་བཀོད་དང་འགོད་བཞིན་འདུག བོད་ཀྱི་རྡོ་ཁབ་དེ་༢༠༢༠

རྒྱས་པར་གཟིགས།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ནས་ལྡི་ལིར་བོད་དོན་ཞུ་སྐུལ་གནང་འགོ་བཙུགས་འདུག

  རྒྱ་གར་སྔོན་རྩིས་གྲོས་ཚོགས་འཚོགས་བཞིན་པ་དང་སྟབས་བསྟུན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་ཟླ་ འདིའི་ཚེས་ ༥ ནས་ ༩ བར་རྒྱ་གར་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་སླད་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག་པ་བཞིན། ཟླ་འདིའི་ཚེས་ ༥ ཉིན་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་བཙུགས་ཡོད་འདུག  དཔལ་ལྡན་ཚོགས་གཙོས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་ཚོགས་གཙོ་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་བཅས་དང་། བོད་དོན་ཞུ་སྐུལ་གྱི་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན།་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི།

རྒྱས་པར་གཟིགས།

༧གོང་ས་མཆོག་གི་སྐུ་ཁམས་དྭངས་སྐྱེད་ཡག་པོ་ཡོང་བཞིན་པ་དང་བྱང་ཨ་རིའི་བོད་མི་གཙོས་པས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

ཕྱི་ཟླ་༨ པའི་ཚེས་༥ ་ཉིན་དགའ་ལྡན་ཕོ་བྲང་ནས་༧གོང་ས་མཆོག་གི་སྐུ་གཟུགས་དྭངས་སྐྱེད་ཡག་པོ་འབྱུང་བཞིན་པ་དང་འབྲེལ་བའི་གསལ་བསྒྲགས་ཤིག་ངོ་དེབ་ཐོག་ཏུ་སྤེལ་འདུག  གསལ་བསྒྲགས་དེའི་ནང་། ནིའུ་ཡོག་གི་དམིགས་བསལ་གཤགས་བཅོས་སྨན་ཁང་ (Hospital for Special Surgery)

རྒྱས་པར་གཟིགས།