ཞི་བདེའི་གཟེངས་རྟགས་དུས་ཆེན་ཐོག་བཀའ་ཤག་གི་གསུང་བཤད།
རབ་བྱུང་བཅུ་བདུན་པའི་ས་བྱི་ལོའི་བོད་ཟླ་༡༠ཚེས་༡༣ཕྱི་ལོ་༢༠༠༨ཕྱི་ཟླ་༡༢པའི་ཚེས་༡༠ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཅུ་དགུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།
༄༅།།ཁམས་གསུམ་སྐྱེ་འགྲོ་སྤྱི་དང༌།ཁྱད་པར་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་ཉག་གཅིག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཅུ་དགུ་འཁོར་བའི་རྗེས་དྲན་གྱི་དུས་ཆེན་དང༌།རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ།ཧི་མཱ་ལ་ཡའི་དུས་སྟོན་བཅས་གལ་ཆེའི་དུས་ཚིགས་གསུམ་འཛོམས་ཀྱི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་དང༌།ཞི་བདེ་ལ་དགའ་བའི་འཛམ་གླིང་སྐྱེ་འགྲོ་ཚང་མར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གུས་བརྩི་དང་བཅས་ཏེ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྒྱས་པར་གཟིགས།

ཟླ་འདིའི་ཚེས་༥ ཉིན་ནས་བཟུང་ཉིན་གཉིས་རིང༌། ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་ཚོགས་འདུ་ཞིག་འཚོགས་ཡོད་པ་དང༌། ཚོགས་འདུ་དེའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ཕེབས་ཡོད་པ་རེད། གཞན་ཡང་བཙན་བྱོལ་སྤྱི་ཚོགས་ནང་དུ་ཤེས་ཡོན་ཅན་དང༌། སློབ་སྤྱི་དང་དགེ་རྒན།
ཕྱི་ཟླ་༡༡ པའི་ཚེས་༢༦ ནས་༢༨ པར་ཉིན་གསུམ་རིང་འབྲས་བློ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭའི་གོ་སྒྲིག་འོག་སེར་སྐྱ་མི་མང་རྣམས་ལ་ཆོས་ཚན་ཟུང་འབྲེལ་འགྲེམས་སྟོན་ཐེངས་དང་པོ་ཞེས་པ་གནང་སོང་བ་དང༌། དེའི་སྐོར་བློ་གླིང་ཆོས་རིག་འཛིན་སྐྱོང་སློབ་གྲྭའི་སློབ་སྤྱི་ངག་དབང་རྒྱ་མཚོ་མཆོག་གིས་གསུངས་པ་ལྟར་ན། དམིགས་ཡུལ་གཙོ་བོ་དེ་ྋགོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་ཟབ་མོ་བཞིན་ཚན་རིག་དང་ནང་ཆོས་དབར་གྱི་གོ་བསྡུར་བྱེད་རྒྱུ་གལ་ཆེན་ཞིག་ཏུ་བརྩིས་ནས་དེ་རིང་ང་ཚོས་ཆོས་ཚན་ཟུང་འབྲེལ་གྱི་འགྲེམས་སྟོན་ཐེངས་དང་པོ་དེ་འགོ་བཙུགས་པ་ཞིག་ཡིན་སྐོར་དང༌།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་གསུམ་འཁོར་ཟིན་ཡོད་པ་དང༌། ཟླ་འདིའི་ཚེས་༡ ཉིན་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་སློབ་ཕྲུག་ཚོས་བྲིས་པའི་རི་མོ་དང་ཡིག་གཟུགས་སོགས་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་རེད། དེར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་རེད།
ཟླ་འདིའི་ཚེས་༡ ཉིན་ནི་འཛམ་གླིང་གཉན་ནད་རེག་དུག་(HIV/AIDS)གི་ན་ཚའི་ཉིན་མོ་ཡིན་པ་དང༌། ཉིན་དེར་དྷ་ས་ཟློས་གར་ཚོགས་ཁང་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་མང་ལ་ན་ཚ་སྔོན་འགོག་སྐོར་ལ་ངོ་སྤྲོད་གནང་བ་དང་འབྲེལ་བོད་པའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གི་ནད་གཞི་ངོ་སྤྲོད་དང༌། སྔོན་འགོག་ཐབས་ལམ་སོགས་ཀྱི་སྐོར་ལ་སློབ་གསོའི་ལས་འགུལ་རྒྱ་ཆེ་སྤེལ་རྒྱུའི་ལས་རིམ་ནང་འདི་ལོའི་ཕྱི་ཟླ་༡༢ ཚེས་༡ ནས་༢༠༠༩ ལོའི་ཟླ་༣ ཚེས་༣༡ བར་ས་གནས་གང་ས་ནས་རིན་མེད་ཐོག་བརྟག་དཔྱད་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་ནད་གཞི་དེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ངོ་སྤྲོད་དང༌།