བོད།

རྨ་ཆུ་རྫོང་དུ་བོད་མི་ལྔ་ལ་ཁྲིམས་ཆད།

སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༨ བོད་ཟླ་༡༠ ཚེས་༡༦ ཉིན་རྨ་ཆུ་རྫོང་དུ་བོད་མི་ཞི་རྒོལ་བ་རྨ་ཆུ་རྫོང་མཚེ་རུ་མ་ཤང་དམེ་སྐོར་གྱི་མགོན་པོ་ཚེ་ཁོ་༼རང་ལོ་༣༠༽ལ་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་གཙོ་བོའི་ཉེས་མིང་བཙན་འགེལ་གྱིས་ལོ་༡༤ ཁྲིམས་ཐག་བཅད་ཡོད་པ་དང༌། རྨ་ཁུག་རྟ་རའི་ཚ་ཚ་ཚང་གི་ཚེ་ཁོ་ལ་ཁྲིམས་ཆད་ལོ་༥ སྨད་མ་ཞང་བླ་གཅོད་ཚང་གི་རྡོ་རྗེ་ལ་ཁྲིམས་ཆད་ལོ་༤ བཅས་བཅད་ཡོད་པ་རེད།

རྒྱས་པར་གཟིགས།