རྒྱལ་སྤྱི།

ཨོ་སི་ཀྲོ་ལི་ཡའི་རྩེད་འགྲན་སྐབས་རྒྱ་ནག་ལ་ཁ་གཏད་ཀྱི་སྟོད་ཐུང་གྱོན་ཆོག་པ་བཟོས་འདུག

ཉེ་ཆར་ཨོ་སི་ཀྲི་ལི་ཡའི་ཊེ་ནི་སེ་རྩེད་འགྲན་སྐབས་སུ་ལྟད་མོ་བ་ཚོས། རྒྱ་ནག་དམར་ཤོག་གཞུང་གི་འོག་ཏུ་གནས་སྟངས་གང་འདྲ་ཡིན་པ་ཤེས་ཀྱི་མེད་པའི་བུད་མེད་ཊེ་ནི་སེ་རྩེད་མོ་བར་རྒྱབ་སྐྱོར་གྱི་སྟོད་ཐུང་གྱོན་ཆོག་གི་མེད་པ་བཟོས་ཡོད་ཀྱང་། ཐག་གཅོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱུང་བས། སྟོད་ཐུང་དེ་རིགས་གྱོན་ཆོག་ནའང་འཕྲེད་དར་རིགས་འཁྱེར་མི་ཆོག་པ་བཟོས་འདུག ཟླ་༡ པོའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཚེས་༢༡ ཉིན་ཨོ་སི་ཀྲོ་ལི་ཡའི་ཊེ་ནི་སེའི་རྩེད་འགྲན་(Australian

རྒྱས་པར་གཟིགས།

རྒྱ་ནག་གིས་ཨ་རིའི་གློག་བརྙན་ཞིག་བཀག་སྡོམ་བྱེད་དགོས་སྐོར་བཤད་འདུག

ཨ་རི་བོད་ཁང་ནས་ལོ་རེའི་དགོས་དངུལ་མཁོ་བསྡུའི་དགོང་ཚོགས་ཐེངས་༣༥ པའི (35th Annual Benefit Concert) ཐོག་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཁི་ནོ་(Keau Reeves) མཉམ་ཞུགས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་རྗེས། རྒྱ་ནག་གིས་ཁོང་ལ་ཁ་རྡུང་སྐྱོན་བརྗོད་དང་། ཁོང་གིས་འཁྲབ་པའི་གློག་བརྙན་རྣམས་བཀག་སྡོམ་(boycott) བྱེད་རྒྱུ་ཡིན་ཚུལ་བཤད་ཡོད་འདུག 

རྒྱས་པར་གཟིགས།

རྒྱ་ནག་གི་ཨོ་རྩལ་སྐབས་སུ་འབྲེལ་ཡོད་ཚོས་ཉེན་ཁ་ཆེ་བའི་ཁ་པར་མཉེན་ཆས་ཤིག་ཕབ་ལེན་བྱེད་དགོས་ཀྱི་ཡོད་འདུག

ཕྱི་ལོ་༢༠༢༢ ལོའི་ཟླ་༢ པའི་ཚེས་༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་ཨོ་རྩལ་འགྲན་ཚོགས་སྐབས་སུ་རྩེད་འགྲན་པ་དང་འབྲེལ་ཡོད་ལྟད་མོ་བ། དེ་བཞིན་གསར་འགོད་པ་སོགས་ཀྱིས་པེ་ཅིང་དུ་མ་འབྱོར་བའི་ཉིན་གྲངས་༡༤ ཡི་སྔོན་ནས་(My2022)ཞེས་པའི་ཁ་པར་མཉེན་ཆས་ཕབ་ལེན་བྱེད་དགོས་ཀྱི་ཡོད་པ་དང་། དེའི་དགོས་པ་ནི་ཏོག་དབྱིབས་ནད་དུག་གི་གནས་སྟངས་རྟོག་ཞིབ་བྱེད་ཆེད་ཡིན་སྐོར་བརྗོད་འདུག རྒྱལ་སྤྱིའི་དྲ་ཐོག་བདེ་འཇགས་ཚོགས་པ་ཞིག་གིས་རྒྱ་ནག་གི་མཉེན་ཆས་དེས་ཁ་པར་ནང་གི་ཡིག་ཆ་སོགས་ལ་བདེ་སྲུང་གི་ཆ་རྐྱེན་སྤྲོད་ཀྱི་མེད་ཁར།

རྒྱས་པར་གཟིགས།

དབྱིན་ཡུལ་གྱིས་ཡུག་ཀེ་རན་ལ་ཨུ་རུ་སའི་བཙན་འཛུལ་འགོག་རྒོལ་བྱེད་ཆེད་དུ་རོགས་པ་བྱེད་བཞིན་འདུག

ཡུག་ཀེ་རན་དང་ཨུ་རུ་སུའི་ས་མཚམས་སུ་གནས་སྟངས་ཛ་དྲག་ཆགས་བཞིན་པའི་སྐབས་དེར། དབྱིན་ཡུལ་གྱིས་ཡུག་ཀེ་རན་ལ་བདེ་སྲུང་ཆེད་དུ་མེ་ཤུགས་འཕུར་མདའ་དང་དམག་མི་སྣོན་མ་གཏོང་བཞིན་པའི་གནས་ཚུལ་ཐོན་འདུག ཟླ་༡ པོའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་དབྱིན་ཡུལ་གྱི་བདེ་སྲུང་དྲུང་ཆེ་བྷེན་ཝོ་ལཱེ་སཱེ་ཡིས་གྲོས་ཚོགས་འཐུས་མི་ཚོར་ལན་འདེབས་བྱས་དོན་ལ། དེང་གི་ཆར་ཡུག་ཀེ་རན་དང་ཨུ་རུ་སུའི་ས་མཚམས་སུ་ཨུ་རུ་སུའི་དམག་མི་འབུམ་གཅིག་ཙམ་འགྲེམས་འཇོག་བྱས་ཡོད་པས། སེམས་འཚབ་བྱེད་གཞི་ཞིག་ཆགས་ཡོད་པ་དང་། དབྱིན་ཡུལ་ངོས་ནས་ཡུག་ཀེ་རན་ལ་བདེ་སྲུང་གི་ཆེད་དུ་ཐང་ག་རི་འགོག་རྒོལ་བྱེད་པའི་རྒྱང་ཐུང་མེ་ཤུགས་འཕུར་མདའ་དང་།

རྒྱས་པར་གཟིགས།

རྒྱ་ནག་གི་མི་འབོར་འཕེལ་ཚད་མུ་མཐུད་དལ་དུ་ཕྱིན་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་ནག་གི་ལོ་སྔོན་མའི་མི་འབོར་འཕེལ་ཚད་དེ་ལོ་རྒྱུས་ནང་འབྱུང་མྱོང་མེད་པའི་དལ་དུ་ཕྱིན་པས། ཉམས་ཞིབ་པ་ཚོས་གནད་དོན་དེས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་པའི་སྔོན་དཔག་བྱས་ཡོད་འདུག

རྒྱས་པར་གཟིགས།

ནད་ཡམས་སྐབས་སུ་ཕྱུག་བདག་རྣམས་ཀྱི་རྒྱུ་ནོར་ལྡབ་གཉིས་འཕར་ཡོད་འདུག

དབུལ་ཕྱུག་གཉིས་བར་གྱི་ཁྱད་པར་དང་དེའི་ཤུགས་རྐྱེན་ཐོག་གི་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་དུ། ཏོག་དབྱིབས་ནད་ཡམས་སྐབས་སུ་འཛམ་གླིང་ནང་གི་མི་སྣ་ཕྱུག་ཤོས་༡༠ ཡི་རྒྱུ་ནོར་ལྡབ་གཉིས་འཕར་ཡོད་པ་དང་། དེས་དབུལ་ཕྱུག་གཉིས་བར་གྱི་ཁྱད་པར་ཤུགས་ཆེ་རུ་བཏང་བར་བརྟེན། ཉིན་རེར་མི་གྲངས་༢༡༣༠༠ ཡི་ཚེ་སྲོག་ཤོར་བར་མཐུན་སྦྱོར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག ཟླ་༡ པོའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།

རྒྱས་པར་གཟིགས།

དབྱིན་ཇིའི་གྲོས་ཚོགས་ལ་རྒྱའི་གསང་མྱུལ་བའི་སིམ་འཛུལ་བྱེད་ཀྱི་ཡོད་པའི་ཉེན་བརྡ།

དབྱིན་ཇིའི་གསང་བའི་ལས་ཁུངས་ནས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་སྒྱུར་ལས་ཁུངས་དང་འབྲེལ་བ་ཡོད་པའི་བུད་མེད་ཅིག་གིས་དབྱིན་ཇིའི་ཆབ་སྲིད་ལ་ཐེ་བྱུས་བྱས་དང་བྱེད་མུས་སུ་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག

རྒྱས་པར་གཟིགས།

རྒྱ་གར་ནང་ཉིན་གཅིག་རིང་ཏོག་དབྱིབས་ནད་པ་འབུམ་གཉིས་དང་ཕྱེད་ཀ་མ་ཟིན་ཙམ་ཐོན་འདུག

དེང་གི་ཆར་འཛམ་གླིང་རྒྱལ་ཁབ་གཞན་དང་གཅིག་མཚུངས་སུ་རྒྱ་གར་ནང་དུ་ཡང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་ཆགས་ནས་ནད་རླབས་གསུམ་པ་འགྲོ་བཞིན་པ་ལྟར། ཟླ་༡ པོའི་ཚེས་༡༢ ཉིན་གྱི་ཉིན་གཅིག་གི་ཏོག་ནད་གསར་པའི་ཁ་གྲངས་དེ་༢,༤༧,༤༡༧ཐོན་ནས། འདས་པའི་ཟླ་བ་བདུན་ནང་ཉིན་གཅིག་གི་ཏོག་ནད་གསར་པའི་ཁ་གྲངས་མཐོ་ཤོས་དེ་ཆགས་འདུག  དེ་བཞིན་ནད་མནར་བཞིན་པའི་ཁ་གྲངས་དེ་༡༡,༡༧,༥༣༡ ཆགས་ནས་འདས་པའི་ཉིན་གྲངས་༢༡༦ ནང་མཐོ་ཤོས་དེ་ཆགས་འདུག་པ་དང་། ཉིན་གྲངས་གཅིག་ནང་མི་གྲངས་༣༨༠

རྒྱས་པར་གཟིགས།

ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཀྱང་མཉམ་འབྲེལ་ཐོག་ནས་རྒྱལ་སྲུང་བྱེད་རྒྱུར་མོས་མཐུན་བྱས་འདུག

ཨོ་སི་ཁྲུ་ལི་ཡ་དང་ཉི་ཧོང་གཉིས་ཀྱིས་མཉམ་འབྲེལ་གྱིས་རྒྱལ་ཁབ་སྲུང་བའི་ཆིངས་ཡིག་ཅིག་བཞག་རྗེས། ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཀྱང་མཉམ་འབྲེལ་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱས་པར་གཟིགས།

རྒྱ་ནག་གི་ཉེན་ཁ་འགོག་རྒོལ་བྱེད་ཆེད། ཉི་ཧོང་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱིས་མཉམ་འབྲེལ་གྱི་རྒྱལ་སྲུང་ཆིངས་ཡིག་ཅིག་འཇོག་རྒྱུ་རེད་འདུག 

ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཚོས་རྒྱ་ནག་གི་ཧམ་ཤེད་དང་། དྲག་པོའི་དམག་ཤུགས་རྒྱ་སྐྱེད་ཇི་ལྟར་འགོག་དགོས་མིན་གྱི་སེམས་འཚབ་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། ཉི་ཧོང་དང་ཨོ་སི་ཁྲུ་ལི་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆིངས་ཅིག་འཇོག་གཏན་འཁེལ་ཡོད་འདུག 

རྒྱས་པར་གཟིགས།