རྒྱ་དཀར་ནག་གི་ས་མཚམས་འཐབ་རྩོད།
ཟླ་འདིའི་ཚེས་༩ ཉིན་རྒྱ་གར་གྱི་དུས་བབ་ཚགས་ཤོག་སྟེང་གནས་ཚུལ་སྤེབ་བ་ལྟར་ན། རྒྱ་དཀར་ནག་གཉིས་དབར་འཚོག་ལ་ཉེ་བའི་ས་མཚམས་འཐབ་རྩོད་ཀྱི་གྲོས་མོལ་སྐབས། རྒྱ་གར་གཞུང་ཕྱོགས་ནས་ལ་དྭགས་ས་ཁུལ་གྱི་ཨག་སཱ་ཆིན་ས་གནས་རྒྱ་ནག་ལ་སྤྲད་པ་ཡིན་ན། རྒྱ་ནག་གཞུང་གིས་ཨ་རུན་ནཱ་ཅལ་མངའ་སྡེའི་ཕྱོགས་སུ་རྩོད་བཞིན་པའི་ས་ཁུལ་དེ་དག་བློས་གཏོང་རྒྱུ་ཡིན་ཚུལ། ཧོང་ཀོང་གི་ཚགས་པ་མེང་པའོ་སྟེང་བཀོད་ཡོད་པར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སོགས་ཀྱིས་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
རྒྱས་པར་གཟིགས།


