རྒྱལ་སྤྱི།

རྒྱ་ནག་གི་གསར་འགོད་པའི་ཐོ་གཞུང་ནག་པོ།

  ཟླ་འདིའི་ཚེས་ ༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། གསར་འགོད་པ་སུ་ཞིག་གིས་རྒྱ་ནག་གཞུང་གི་གསར་འགོད་ཁྲིམས་ལུགས་དང་འགལ་བའི་གནས་ཚུལ་སྐྱེལ་ལེན་སོགས་བྱས་ན། གསར་འགོད་ཆེད་ལས་པ་གསར་འགོད་པའི་ཐོ་གཞུང་ནག་པོ་ཟེར་བ་ཞིག་བཟོས་ཡོད་པས། དེའི་ནང་ཐོ་འགོད་བྱ་རྒྱུ་ཡིན་པས་མ་ཚད་ལས་གནས་ནས་ཕྱིར་འབུད་ཀྱང་གཏོང་རྒྱུ་ཡིན་ཞེས། རྒྱ་ནག་དུས་བབ་དང་གསར་འགོད་སྤེལ་སྐྲུན་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིའི་ཌན་དོན་ཟེར་བས་བརྒྱུད་བསྒྲགས་བྱས་ཡོད་པ་རེད། ཡང་ཁོ་པས་རྒྱ་ནག་གི་གསར་འགོད་པ་དང་དུས་དེབ་རྩོམ་སྒྲིག་པ་སོགས་ལ་གསར་འགོད་ཀྱི་ཁྱད་ཆོས་ཚང་ཡོད་མེད།

རྒྱས་པར་གཟིགས།

ཨ་རིའི་ཁང་ཆེན་ཞིག་ལ་གནམ་གྲུ་རྡུང་ཁ་ཐེབས་འདུག

ཟླ་འདིའི་ཚེས་ ༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཁང་ཆེན་ཞིག་ལ་འགྲུལ་སྐྱེལ་གནམ་གྲུ་ཞིག་རྡུང་ཁ་ཐེབས་ཏེ། མི་གྲངས་ ༥༠ ཙམ་གྱི་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེའི་ནང་འགྲིམ་འགྲུལ་པ་ ༤༤ དང་གནམ་གྲུའི་ལས་བྱེད་ ༦ བཅས་ཁྱོན་མི་གྲངས་ ༥༠ ཙམ་གྱི་སྲོག་ཤོར་ཡོད་པ་དང༌། དང་ཐོག་གནམ་གྲུ་རྡབ་སྐྱོན་འདི་འཇིགས་སྐུལ་རིང་ལུགས་ཀྱི་བཀོད་བྱུས་འོག་ནས་བྱུང་བར་དོགས་གཞི་བྱས་ཏེ་འདྲི་བརྩད་བྱས་ཡོད་ཀྱང༌།

རྒྱས་པར་གཟིགས།

ཨ་རིའི་ཁྲོམ་ར་ཉམས་གསོར་གྲོས་འཆམ་བྱུང་འདུག

ཟླ་འདིའི་ཚེས་ ༡༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་གི་སྐབས་སུ་མ་རྐང་ཁྲོམ་ར་ཉམས་ཉེས་སུ་སོང་སྟེ་ཨ་སྒོར་ཐེར་འབུམ་ ༨༠༠ ལྷག་ཙམ་གྱི་གྱོང་རྒུད་ཕོག་ཡོད་པ་རེད།  བཟོ་གྲྭ་དང་དངུལ་ཁང་གཉིས་གཙོ་བོར་གྱུར་པའི་ཚོང་དོན་ལས་རིགས་བརྒྱ་ཆ་ ༨༠ ཙམ་ལ་ཤུགས་རྐྱེན་ཐེབས་ཏེ། མི་མང་ས་ཡ་མང་པོ་ལས་མེད་ཆགས་པས་འཕྲོད་བསྟེན་དང་སློབ་སྦྱོང༌། གཞུང་གི་སྲི་ཞུ་ལས་རིགས། ཚོང་ཟོག་ཕྱིར་གཏོང་དང་ནང་འདྲེན། ཞིང་ལས། ཁོར་ཡུག ཐ་ན་འཐུང་ཆུ་སོགས་ལའང་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།ཕྱོགས་གཞན་ཞིག་ནས་ཨ་རིའི་ཁྲོམ་ར་ནི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་ནང་ཤུགས་རྐྱེན་ཆེ་ཤོས་དེ་ཡིན་པས། ཨ་རིའི་མ་རྐང་ཁྲོམ་ར་ཉམས་ཉེས་ཕྱིན་པ་དང་ཡོ་རོབ་ཁག་གཙོ་བོར་གྱུར་པའི་དཀྱིལ་ཤར་དང༌། ཨེ་ཤ་ཡ་བཅས་སུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་ཅིང༌། དམིགས་བསལ་རྒྱ་ནག་ལྟ་བུར་མཚོན་ན་ལས་མེད་ས་ཡ་ ༢༠ ལྷག་ཙམ་ཆགས་ཡོད་པ་རེད།

རྒྱས་པར་གཟིགས།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྐྱར་ཞིབ་ལྷན་ཚོགས།

ཟླ་འདིའི་ཚེས་༩ ནས་༡༡ བར་སུད་སི་རྒྱལ་ཁབ་ནང་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་བསྐྱར་ཞིབ་གནང་ཡོད་པ་དང༌། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་རྒྱལ་ཚོགས་ལ་ཕུལ་ཡོད་པའི་ཐོག་བསྐྱར་ཞིབ་དང་འདྲི་རྩད་གནང་བའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད། ༢༠༠༨ ལོར་བོད་ནང་གི་དོན་རྐྱེན་དང༌། ཧཕ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། ཤིན་ཅང་སོགས་ཀྱི་ཐོག་དྲག་གནོན་དང༌། ཆོས་དད་རང་དབང་གི་སྐོར་གཅིག་ཀྱང་འཁོད་མེད་པས། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང༌། འགྲོ་བ་མིའི་རྟོག་ཞིབ་ཚོགས་པ་སོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

རྒྱས་པར་གཟིགས།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མེ་སྐྱོན་ཤོར་བ།

ཕྱི་ཟླ་༢ ཚེས་༡༠ སྟེ་དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་མེ་སྐྱོར་ནས་ད་ལྟའི་ཆར་ཡང་མེ་འབར་བཞིན་ཡོད་འདུག་པ་དང༌། མེ་སྐྱོན་ཤོར་ཡུལ་གཙོ་བོ་རྒྱ་ནག་དབུས་བརྙན་འཕྲིན་ཁང་སོགས་ཡིན་འདུག་པ་དང༌། དོན་རྐྱེན་དེའི་ཁྲོད་དུ་མིའི་ཚེ་སྲོག་ཅི་ཙམ་ཤོར་ཡོད་མེད་སོགས་ད་དུང་གསལ་ཁ་མེད་པ་དང༌། རིམ་པས་གནས་ཚུལ་ཁ་གསལ་བྱུང་མཚམས་རིམ་པས་འགོད་རྒྱུ་ཡིན། གཤམ་གྱི་འདྲ་པར་འདི་གཉིས་རྒྱ་ནག་པེ་ཅིང་དུ་མེ་སྐྱོན་ཤོར་བཞིན་པའི་སྐབས་ཡིན།

རྒྱས་པར་གཟིགས།

ཨོའུ་སི་ཊུ་ལི་ཡ་ལ་མེ་ཤོར་འདུག

ཟླ་བ་འདིའི་ཚེས་ ༧ ཉིན་ཨོའུ་སི་ཊུ་ལི་ཡའི་མངའ་སྡེ་ཝིག་ཊོ་རིཡ་ལ་མེ་ཤོར་ཏེ་ཡུལ་མི་ ༡༢༨ ལ་སྲོག་སྐྱོན་བྱུང་ཡོད་པ་དང༌། ས་ཆ་སྤྱི་ལེ་གྲུ་བཞི་མ་ ༣༠༠༠ ཙམ་མེས་ཚིགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨོའུ་སི་ཊུ་ལི་ཡར་ཉེ་དུས་གནམ་གཤིས་ཀྱི་ཚ་དྲོད་ཤིན་ཏུ་ཆེན་པོ་ཆགས་ནས་མེ་སྐྱོན་འབྱུང་རྒྱུའི་ཉེན་ཁ་ཆེ་རུ་སོང་ཡོད་པ་དང༌། རྒྱུ་རྐྱེན་གཙོ་བོ་ཟླ་བ་བདུན་བརྒྱད་ཙམ་གྱི་རིང་ལ་ཆར་པ་བརྒྱབ་མེད་པས་རྩི་ཤིང་རིགས་མང་པོ་སྐམ་པོ་ཆགས་ཡོད་པ་དང༌། དེ་མིན་རྒྱུ་རྐྱེན་གང་ཡིན་གསལ་ཁ་ངོས་འཛིན་ཐུབ་མེད་ཀྱང་གཙོ་བོར་རང་བྱུང་གི་ཆག་སྒོ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།ཟླ་འདིའི་ཚེས་ ༩ བར་མེ་འཚིག་གི་གནོད་སྐྱོན་འོག་ཚེ་སྲོག་ཤོར་བའི་མི་གྲངས་ ༡༢༨ ཙམ་དང༌། ཁང་ཁྱིམ་ ༡༠༠ ལྷག་ཙམ་ཚིག་ཡོད་པའི་གནས་ཚུལ་ངེས་རྙེད་བྱུང་ཡོད་པ་རེད།

རྒྱས་པར་གཟིགས།

རྒྱ་ནག་ཏུ་འཐུང་ཆུའི་དཀའ་ངལ།

ཟླ་འདིའི་ཚེས་ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་བྱང་དང་དབུས་གཉིས་སུ་ས་ཁུལ་ཁག་བརྒྱད་ལྷག་ཙམ་ཞིག་ནང༌། མི་འབོར་ས་ཡ་ ལ་འཐུང་ཆུའི་དཀའ་ངལ་ཡོད་པ་མ་ཟད། ཞིང་ལས་ཐོན་སྐྱེད་ལ་ཉེན་ཁ་ཤིན་ཏུ་ཆེན་པོ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག སྤྱིར་བཏང་རྒྱ་ནག་ཏུ་ཆུ་ལོག་དང་ཐན་པའི་དཀའ་ངལ་ཡང་ཡང་འཕྲད་ཀྱི་ཡོད་ནའང༌། ཉེ་དུས་གནམ་གཤིས་ཧ་ཅང་སྐྱོ་པོ་ཆགས་པའི་རྐྱེན་གྱིས་མི་མང་ལ་འཐུང་ཆུའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པས། སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝིན་ཅཱ་པའོ་གཉིས་ཀྱིས་ཐན་པའི་སྐྱོབ་གསོ་མ་དངུལ་ཨ་སྒོར་ས་ཡ ༥༨ སྤྲོད་གཏན་འཁེལ་བའི་ཁྱབ་བསྒྲགས་བྱས་ཡོད་པ་དང༌། རྒྱ་ནག་དབུས་སྐྱོབ་གསོ་ལས་ཁང་གིས་སྐྱོབ་གསོའི་མ་དངུལ་རོགས་རམ་འདི་འདྲ་བ་ལོ་རྒྱུས་ནང་སྤྲད་མྱོང་ཡོད་མ་རེད་ཅེས་བརྗོད་ཡོད་པ་རེད།

རྒྱས་པར་གཟིགས།

སྲིད་བློན་ཝོན་ཅཱ་པའོ་ལ་ལྷམ་གཞུས་པ།

ཟླ་འདིའི་ཕྱི་ཚེས་ ༢ རེས་གཟའ་ཟླ་བའི་ཉིན་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་དུ་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཀམ་བྷི་རས་ཇིའི་ནང་རྒྱ་ནག་ གི་སྲིད་བློན་ཝོན་ཅཱ་པོའ་ཡིས་གཏམ་བཤད་བྱེད་སྐབས།་ ཚོགས་ར་ནང་ནས་མི་གཅིག་གིས་བཀས་བཀོད་རྒྱུད་འཛིན་པ་ཟེར་ནས་སྐད་འབོད་བརྒྱབ་སྟེ་ཝོན་ཅཱ་པའོ་ཡི་ཐོག་ཏུ་གཡུགས་ཡོད་པ་རེད། ཉེ་དུས་རྒྱ་ནག་ཏུ་དཔལ་འབྱོར་ཉམས་རྒུད་ཀྱིས་ལས་བཟོ་པ་ས་ཡ་ ༢༠ ལྷག་ཙམ་ལས་མེད་ཆགས་ཡོེད་པས། རྒྱ་ནག་གི་སྲིད་བློན་དབྱིན་ཡུལ་དུ་ཉིན་གྲངས་གསུམ་རིང་ཚོང་དོན་གྱི་ཆེད་དུ་ འབྱོར་ཡོད་པ་དང༌།  སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་བོད་དུ་བཙོན་པ་གློད་གྲོལ་དགོས་པའི་ངོ་རྒོལ་བྱས་པ་དང༌། རྒྱ་རིགས་འགས་སྲིད་བློན་ལ་དགའ་བསུ་ཞུ་བ་གཉིས་དུས་གཅིག་ལ་འཛོམས་ཏེ། དབྱིན་ཡུལ་གྱི་ཁྲོམ་གཞུང་དུ་དགའ་སྡུག་གཉིས་ཀྱི་འབོད་སྒྲ་ཧ་ཅང་ཆེན་པོ་ བསྒྲགས་ཡོད་ཡོད་པ་རེད།

རྒྱས་པར་གཟིགས།

ཨི་རག་གི་འོས་བསྡུའི་དཀའ་རྙོག

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རག་གི་སྲིད་འཛིན་འདས་པོ་སཱ་དམ་ཧུའུ་སིང་ཨ་རིའི་དམག་དཔུང་གིས་མགོ་རྟིང་སློག་པ་དང་མཉམ་དུ་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་སྲིད་དབང་དེའང་མགོ་རྟིང་སློག་པ་རེད། སྐབས་དེར་སཱ་དམ་ཧུའུ་སིང་གསོན་བཟུང་བྱས་ནས་སྲོག་ཁྲིམས་མ་བཅད་བར་ཨི་རག་མི་མང་ཕྱོགས་ཁག་གཉིས་སུ་གྱེས་ནས་སཱ་དམ་ལ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གཉིས་ཀ་བྱུང་ཡོད་ཅིང༌། ངོ་རྒོལ་བའི་ཁྲོད་ནས་མི་གྲངས་ཉུང་ངུ་ཞིག་གིས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་འོག་ནས་ཨི་རག་མི་མང་ཕོན་ཆེན་གྱི་ཚེ་སྲོག་ཤོར་སོང་ཟེར་ནས། སཱ་དམ་གྱིས་ལོ་མང་རིང་བསྐྱངས་པའི་སྲིད་དབང་ལ་སྐྱོན་འཛུགས་དང་ཐེར་འདོན་བྱས་པ་ལས་མང་ཆེ་བ་ཆོས་ལུགས་ཀྱི་འཁོན་འཛིན་ཁོ་ན་ཡིན་སྐོར་ཡང་བརྗོད་འདུག

རྒྱས་པར་གཟིགས།

ཨ་རིས་ཨི་རན་ལ་དགོངས་དག་ཞུ་དགོས་ཟེར།

ཟླ་འདིའི་ཚེས་༢༨ ཉིན་ཨི་རན་སྲིད་འཛིན་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨ་རིས་ཨི་རན་ལ་དགོངས་དག་ཞུ་དགོས་ཟེར་བའི་གསུང་བཤད་ཅིག་སྤེལ་ཡོད་པ་དང༌། གསུང་བཤད་དེ་ནི་སྲིད་འཛིན་ཨོ་བྷ་མས་ཚེས་༢༧ ཉིན་ཨ་རི་ཁ་ཆེ་བ་ཚོའི་དགྲ་བོ་མིན་ཞེས་པའི་གསུང་བཤད་དེའི་ལན་དུ་སྤེལ་བ་ཞིག་ཡིན་པ་དང༌། དེ་ཡང་ཨི་རན་སྲིད་འཛིན་མཆོག་གིས་གསུང་དོན། མི་ལོ་༦༠ རིང་ལ་ཨ་རི་གཞུང་གིས་ཨི་རན་མི་མང་ལ་རྒོལ་རྡུང་བཏང་བའི་བྱས་ཉེས་དེ་དག་ལ་དགོངས་སེལ་ཞུ་དགོས་ལུགས་དང༌། ཕྱི་ལོ་༡༩༥༣ ལོ་ནས་༡༩༨༠ བར་ཨི་རན་དང་ཨི་རག་དབར་དམག་འཁྲུག་ལངས་སྐབས། ཨ་རིས་སཱ་དམ་ཧུའུ་སན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཨི་རན་ལ་དཀའ་ངལ་སྣ་ཚོགས་འཕྲད་ཡོད་པས།དཀོན་མཆོག་གི་བཀའ་ཁྲིམས་ལྟར་བྱས་ན་བྷུ་ཤི་ནི་དམྱལ་བ་ལ་སོང་ཚར་ངེས་རེད་ཅེས་གསུངས་ཡོད་པ་རེད།

རྒྱས་པར་གཟིགས།