རྩོམ་ཡིག

རང་ཡུལ་ལ་ཁ་ཕྱོགས་ཐུབ་པའི་ལས་འཆར་གྲ་སྒྲིག་གནང་རྒྱུ་གལ་ཆེ།

 གཞུང་པ་ཚེ་དབང་བསོད་ནམས། ཀོ་ལི་གྷལ་གཞིས་ཆགས་ནས།

མི་ཡུལ་དུ་མི་ལོ་ལྔ་བཅུ་ལ་མདུན་བསུ་སྐབས་རང་ཡུལ་ལ་ཁ་ཕྱོགས་ཐུབ་པའི་ལས་འཆར་གྲ་སྒྲིག་གནང་རྒྱུ་དེ་བས་ཀྱང་གལ་ཆེ།
བཙན་བྱོལ་བོད་གཞུང་འཛིན་སྐྱོང་བཀའ་ཤག་སྐབས་བཅུ་གསུམ་པས་ལས་འཆར་བཀོད་སྒྲིག་གནང་བའི་ནང་ང་ཚོ་མི་ཡུལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་རྒྱུའི་ལས་འཆར་ལ་རྗེས་སུ་ཡི་རངས་ཀྱིས་དགའ་བསུ་ཞུ་བ་དང་སྦྲགས། རང་ཡུལ་ལ་ཁ་ཕྱོགས་ཐུབ་པའི་ལས་འཆར་བཀོད་སྒྲིག་དང་གྲ་སྒྲིག་བྱ་རྒྱུ་དེ་བས་ཀྱང་གལ་འགངས་ཆེ་བས། བཙན་བྱོལ་བོད་གཞུང་གི་ཐུགས་འགན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་༡༩༥༩ ལོར་ང་ཚོའི་ཤར་ཕྱོགས་སུ་གནས་པའི་རྒྱ་ནག་དམར་པོའི་རྒྱལ་ཁབ་ཀྱིས་བོད་ནང་བཙན་འཛུལ་བྱས་ཏེ།

རྒྱས་པར་གཟིགས།

དུས་དྲན་གཅིག་ལ་མིང་གཉིས།

   ལི་ཐང་འཇམ་བཟོད། རྡ་ས།

ཉིས་སྟོང་དགུ་ལོའི་ཟླ་བ་༣ པའི་ནང་དུས་དྲན་གཅིག་ལ་མིང་མི་འདྲ་བ་གཉིས་གོ་སྒྲིག་བྱེད་བཞིན་ཡོད། གཅིག་ནི་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་ཕྱི་ཟླ་༣ ཚེས་༢༨ ཉིན་ཞིང་བྲན་ལམ་ལུགས་དང་བཀས་བཀོད་རྒྱུད་འཛིན་གྱི་དཀའ་སྡུག་འོག་ནས་བོད་མི་མང་བཅིངས་གྲོལ་ཐོབ་སྟེ་མི་ལོ་༥༠ འཁོར་བའི་དུས་དྲན་ཞེས་པ་གོ་སྒྲིག་བྱེད་བཞིན་ཡོད་པ་དང༌། དུས་དྲན་གཞན་ཞིག་ནི་བཙན་བྱོལ་བོད་གཞུང་གིས་དབུ་འཁྲིད་དེ་བོད་རང་བཙན་ཤོར་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་དུས་དྲན་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།
    སྤྱིར་བཏང་ནས་རྒྱ་གཞུང་གི་བཀོད་ཁྱབ་འོག་ནས་བོད་དུ་དུས་དྲན་སྲུང་བརྩི་བྱེད་དགོས་པའི་རིགས་གཅིག་དང༌། ཡང་དུས་དྲན་སྲུང་བརྩི་བྱེད་མི་ཆོག་པར་བྱས་ན་ཆབ་སྲིད་ཀྱི་ཉེས་ཅན་པ་ཆགས་པའི་རིགས་གཉིས་ཡོད། མང་པོ་ཞིག་ནི་བཙན་བྱོལ་བོད་གཞུང་གི་གནང་ཕྱོགས་དང་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་ཕྱོགས་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད། དཔེར་ན། ྋགོང་ས་མཆོག་གི་བཀའ་ལྟར་བོད་དུ་ལྤགས་རིགས་བཀག་སྡོམ་བྱེད་སྐབས། རྒྱ་གཞུང་གིས་བོད་རིགས་ལས་བྱེད་རྣམས་ལ་རྒྱ་སྒོར་ཁྲི་༢ རེ་སྤྲད་དེ་ཆེད་དུ་གོན་བཅུག་པ་དང་མ་གོན་ན་ལས་གནས་ནས་ཕྱིར་ཕུད་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང༌། ཡང་ྋསྐུའི་འཁྲུངས་སྐར་དང་ཞི་བདེའི་གཟེངས་རྟགས། ཨ་རིའི་རྒྱལ་ཚོགས་གཟེངས་རྟགས། གསུམ་བཅུའི་དུས་དྲན། དེ་བཞིན་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་ཆེད་དུ་སྲུང་བརྩི་བྱེད་མི་ཆོག་པར་དམ་བསྒྲགས་ཡང་ཡང་བྱེད་ཀྱི་ཡོད་པ་རེད།

རྒྱས་པར་གཟིགས།

ཧ་ལས་ཧོན་འཐོར་སོང༌།

    སེར་སྨད་བློ་དགའ།

ཡག་ས་གཅིག་གིས་ཡག་སར་འཁྲིད་པ་དང་བདེན་པ་གཅིག་གིས་བདེན་སར་བཀོད་པ་ཧ་ཅང་དཀོན་ལ། དེ་ལས་ལྡོག་སྟེ་སྡུག་ས་གཅིག་གིས་སྡུག་སར་ཁྲིད་པ་དང་རྫུན་ཚིག་གཅིག་གིས་ངན་སར་སྐྱེལ་ནུས་པ་ནི་སྤྱི་ཡོངས་ཀྱི་རང་བཞིན་ནམ་ལྟོས་གྲུབ་ཀྱི་དངོས་པོའི་གཤིས་ལུགས་ཤིག་རེད། སྐྱེ་བོ་རྣམས་ཀྱི་མཐུན་སྣང་དུ་གྲུབ་ཅིང་བཀུར་འོས་པའི་མི་གཅིག་ལ། ནམ་ཞིག་བྱས་ཉེས་ཆུང་ཆུང་རེ་བྱུང་མཚམས་མི་དེ་ནག་པོ་ཆགས་པ་དང་ཡང་ན་གཡང་སར་གཡུག་རྒྱུར་ལས་སླ་རུ་འགྲོ་བ་ནི་མིག་མདུན་དུ་ལྷག་པའི་དཔེ་མཚོན་གསལ་ཤོས་ཤིག་ཡིན། བརྟག་དཔྱད་དང་དབྱེ་ཞིབ་ཚགས་ཚུད་ཅན་རེ་ཟུང་ལས་འཛམ་གླིང་གི་མི་ཕལ་ཆེ་བ་ནི་ད་དུང་ལེགས་ཉེས་ལ་རྨོངས་པའི་འཆིང་རྒྱ་ལས་ཡོངས་སུ་གྲོལ་མེད་ཅེས་བརྗོད་ན་ཧམ་བཤད་ག་ལ་ཡིན། མིག་རྒྱང་གཅིག་ལས་མེད་པའི་བོད་པའི་ཁོར་ཡུག་འདི་གཅིག་པུར་གཟིགས་དང༌། སྒྲིག་ཆས་གྱོན་པའི་ཕྲུ་གུ་གཅིག་གིས་མ་བྱུང་ན་སློབ་གྲྭ་དང་སློབ་ཕྲུག་ཡོངས་ཀྱིས་འགྲིག་གི་མི་འདུག་ཟེར་བ་དང༌།

རྒྱས་པར་གཟིགས།

ལྟ་ཚུལ་དང་ལས་འགུལ།

 རྭ་རྒྱ་འཕྲིན་ལས།  ནོར་གླིང༌།
སྤྱིར་སྟངས་མི་རིགས་ཤིག་གི་གནས་བབ་ལ་བསམ་བློ་གཏོང་ཤེས་པ་ནས་བཟུང་རང་ཉིད་ཀྱི་འགྲོ་རོགས་དང་འདུག་རོགས་མཉམ་དང༌། ཐ་ན་ཇ་ཁང་དང་ཟ་ཁང་ཡན་ཆད་དུ་རང་གི་མི་རིགས་འདིའི་སྐྱོ་གར་ཐད་ལབ་གླེང་སྣ་ཚོགས་ཀྱིས་དུས་འདའ་ཞིང་ཐོབ་ཤོར་གྱི་ལོ་ཟླ་མང་པོ་ཞིག་སྨྲེ་ངག་དང་སྟོང་བསམ་ཁོ་ནས་བསྐྱལ་མྱོང༌། དེ་རིང་ཡང་གོད་ཆག་དང་སྡུག་ཡུས་ཀྱི་གྲུ་ཁ་ན་གཙེས་བའི་རང་རེ་གངས་ཅན་པ་ཚོའི་ཞན་ཆ་དང་ཐོབ་ཤོར་ཅུང་ཙམ་ཞིག་གླེང་འདོད་བྱུང༌།
    ས་གཞི་རིལ་མོ་འདིའི་ནང་འཚོ་གཞིས་འདེབས་པའི་མི་རིགས་ཤིག་ཡིན་ཕྱིན་སོ་སོའི་སྡོད་གནས་ལ་གནས་འཆའ་ཐུབ་དགོས་པ་ནི་མི་རིགས་རང་གི་གཟི་བརྗིད་ཀྱང་ཡིན་ལ། རྟེན་འབྱུང་གི་གཏན་ཚིགས་ཤིག་ཀྱང་ཡིན། འོན་ཀྱང་ང་ཚོ་གངས་ཅན་པ་ཚོར་མཚོན་ན་ཕ་མེས་བཙན་པོའི་རིང་གི་སྟོབས་ལྡན་རྒྱལ་ཁབ་དེ་ད་ལྟ་གཞན་གྱི་བཙན་དབང་འོག་ཏུ་གཞིས་བྱེས་གཉིས་སུ་གྱེས་ཤིང་རང་ཉིད་ཀྱི་མི་རིགས་ལྟ་གྲུབ་དང་སྤྱི་ཚོགས་རིག་གནས་འཐུས་སྒོ་ཚང་བ་ཞིག་ལོངས་སྤྱོད་དབང་མེད་པར་གྱུར་པ་ནི་དུས་རབས་འདིའི་ཁྲོད་ཀྱི་རྗེས་རབས་པ་ཚོའི་ཕམ་ཁ་ལྕི་མོ་ཞིག་ཅི་ལ་མིན།

རྒྱས་པར་གཟིགས།

ཕྱི་ལོ་༢༠༠༩ ནང་རྒྱ་ནག་དང་འབྲེལ་བའི་ཚེས་གྲངས་གལ་ཆེན་བདུན།

 མཱལ་ཀོམ་མུར་(Malcom Moore)་དབྱིན་ཡིག་ནང་བྲིས་པ་དེ་བསྟན་འཛིན་པདྨས་བོད་བསྒྱུར་བྱས། 

 ཕྱི་ལོ་༢༠༠༨ དེ་རྒྱ་ནག་ལ་མཚོན་ན་དཀའ་ལས་ཁག་པའི་ལོ་ཞིག་བྱུང་ཡོད་ཀྱང༌། ཕྱི་ལོ་༢༠༠༩ ལོ་འདི་ཡག་པོ་ཡོང་བར་ཚང་མས་རེ་བ་རྒྱག་གི་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་ནི་དལ་པོ་ཞེ་དྲག་ཆགས་ཡོད་པ་དང༌། དེ་བཞིན་ཕྱི་ལོ་༢༠༠༩ ཡི་ལོ་མཇུག་ལ་རྒྱ་ནག་གི་ཡུལ་མི་ས་ཡ་༢༤ ཙམ་གྱི་ལས་ཀ་ཤོར་རྒྱུ་ཡིན་པར་མང་པོས་ཚོད་དཔག་བྱེད་ཀྱི་ཡོད། ཕྱི་ལོ་༢༠༠༩ ནི་རྒྱ་ནག་ནང་ལོ་འཁོར་དུས་དྲན་མང་པོ་ཡོད་པའི་ལོ་ཞིག་ཡིན་པ་དང༌། དེའི་ནང་ནས་ཁ་ཤས་ཀྱིས་ལྷིང་འཇགས་མེད་པའི་གསར་འགྱུར་རིགས་བཟོ་ངེས་ཡིན་པར་ཚོད་དཔག་བྱེད་ཐུབ། འདི་གར་ལོ་འཁོར་དུས་དྲན་གྱི་རེའུ་མིག་མདོར་བསྡུས་ཞིག་ཡོད་པ་གཤམ་གསལ་དུ།

རྒྱས་པར་གཟིགས།

མྱ་ངན་གྱི་ལོ་ནག

རོ་ཐོག་ལ་རྟ་མ་རྒྱུག  ཕ་བསད་པའི་སྟེང་ལ་རྒྱལ་རྔ་མ་རྡུང༌།
    མེ་འོད།       ནོར་གླིང༌།
ལོ་འདིའི་འུ་ཚོ་བོད་པ་ཚང་གི་མགོ་ལ་ཡོང་བའི་སྡུག་བསྔལ་ནི་བཟོད་ཐབས་མེད་པ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ལོ་ནག་འདི་འདྲ་ཞིག་ལ་དགའ་དགའ་སྐྱིད་སྐྱིད་ཀྱི་ལོ་སར་ཟེར་བ་ཞིག་གང་ནས་ཡོད། གལ་སྲིད་ད་ལོ་བོད་པ་ལོ་སར་གཏོང་མཁན་ཞིག་ཡོད་ན་དེ་ནི་རོ་ཐོག་ལ་རྟ་རྒྱུག་མཁན་དང༌། ཕ་བསད་པའི་སྟེང་ལ་རྒྱལ་རྔ་རྡུང་མཁན་གྱི་ཁྲེལ་མེད་ཅིག་ལོས་ཡིན།
    རྒྱ་གཞུང་གི་མེ་མདའི་སོ་ཁ་ན་གཅེས་པའི་ཚེ་སྲོག་ཤོར་བའི་རུས་པ་ཅན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་དུར་ཁུང་ནས་ང་ཚོ་ལ་བལྟས་བསྡད་ཡོ་པ་རེད། རྡུང་རྡེག་གི་རྨ་ཁ་ན་ཟུངས་ཁྲག་བཞུར་བའི་བཙོན་ཁྲོད་ཀྱི་དཔའ་རྒོད་ཚོས་ཀྱང་ང་ཚོ་ལ་བལྟས་བསྡད་ཡོད་པ་རེད།

རྒྱས་པར་གཟིགས།

ཡེ་རྡོར་ཞེས་པའི་འཁྱོག་བཤད་ལ་ལན་འདེབས།

ཡེ་རྡོར་ཞེས་པས་“ཏཱ་ལའི་རུ་ཚོགས་ཀྱི་དྲན་ཐོའི་ཐད་ཀྱི་ངའི་ལྟ་སྟངས་”ཟེར་བ་བཀླགས་པའི་མྱོང་ཚོར།མིང་དོན་མཚུངས་པའི་རང་སྐྱོང་ཞེས་པའི་ངོ་བོ་ནི་“རྣམ་པར་གྱུར་བའི་རང་བཙན་རྩོད་པ”ཞེས་པར་དཔྱད་པའི་གཏམ།
རྒྱ་རྡུང་ཚེ་དབང་གིས་བརྩམས། ཚེ་རིང་དབང་ཕྱུག་གིས་རྒྱ་ཡིག་ནས་བསྒྱུར།
ཤིན་ཧྭ་དྲ་རྒྱའི་ཐོག་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༧ ཉིན་ཡེ་རྡོར་ཞེས་པས་“ཏཱ་ལའི་རུ་ཚོགས་ཀྱི་དྲན་ཐོའི་ཐད་ཀྱི་ངའི་ལྟ་སྟངས་”ཟེར་བའི་རྩོམ་པ་པོའི་མིང་འཁོད་པའི་རྩོམ་ཡིག་ཞིག་སྤེལ་འདུག་པར་ཧོབ་སྟེ་བལྟས་ན། རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་བསྒྲིལ་ཁང་གི་བློན་ཆེན་གཞོན་པ་ཏུ་ཆིང་ལིང་གིས་ཉེ་ཆར་་“ཏཱ་ལའི་རུ་ཚོགས་ཀྱི་རྒྱུན་འཁྱོངས་བྱས་པའི་དབུ་མའི་ལམ་ཞེས་པ་དེའི་ངོ་བོ་ནི་རྣམ་པར་གྱུར་བའི་རང་བཙན་རྩོད་པ་དང༌། ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བོད་ཆེན་པོ་ཟེར་བ་ཡོང་ཐབས་བྱེད་པའི་ངན་བྱུས་རེད”ཟེར་བ་སོགས་འཆར་ཅན་ར་གན་གསེར་རྫུས་དང་རང་གཞན་གཉིས་སླུའི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཤིག་ཡིན་པས་དགག་པ་རྒྱག་རིན་མེད་སྙམ།

རྒྱས་པར་གཟིགས།

རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།

གསེར་རྟ་ཚུལ་ཁྲིམས།

ཉེ་བའི་ཉིན་ཤས་སྔོན་<<རྡུལ་ཕྲན་གཅིག་ཁོ་ནའི་ཐོག་གི་འཇིག་རྟེན་>>ཞེས། ྋགོང་ས་མཆོག་གི་བཀའ་རྩོམ་དེབ་ཅིག་བསྟན་འཛིན་རིག་བཟང་ལགས་ཀྱིས་དབྱིན་ཡིག་ནས་བོད་བསྒྱུར་བྱས་འདུག་པ་དང༌། ཤོག་ངོས་སུམ་བརྒྱ་ལྷག་ཡོད་པའི་དེབ་དེ་ཕྲན་ལ་གཅིག་གནང་སོན་བྱུང་བས་ཚར་གཅིག་བཀླགས་པ་ཡིན། དེབ་འདིའི་ནང་དོན་གཙོ་བོ་ཚན་རིག་དང་སེམས་དོན་རིག་པ་གཉིས་ཀྱི་སྐོར་ཡིན་ལ། ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པ་དང༌། ཚན་རིག་གཉིས་ཀའི་གཞི་རྩའི་ལྟ་བ་དང༌། རྣམ་གཞག བརྟག་ཐབས་སོགས་དང་དེ་བཞིན་དུས་རབས་ཉེར་གཅིག་པའི་མི་རྣམས་ལ་འཕྲད་པའི་ཀུན་སྤྱོད་ཀྱི་དཀའ་ངལ་སོགས་ཀྱང་གསལ་བཤད་གནང་ཡོད་པ་རེད།

རྒྱས་པར་གཟིགས།

དྷ་སའི་ཕ་མ་རྣམས་ཀྱི་འཐུས་ཤོར་དང་ལྷོད་གཡེང༌།

    རེས་གཟའ་ཉི་མ་དགའ་ལྡན་ལྔ་མཆོད་ཉིན་གྲོགས་པོ་ཞིག་དང་ལྷན་དུ་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་བའི་ལམ་ཟུར་ཞིག་ལ་རྒྱ་ཆེའི་ཕ་མ་རྣམས་ཀྱི་སྙན་ལམ་དུ་ཞེས་པའི་ལོ་འདིའི་སློབ་མའི་དགུན་ཁའི་གུང་སེང་དང་སྟབས་བསྟུན་ནས་སྒྲ་སྙན་དང་པི་ཝང་སོགས་རོལ་དབྱངས་སློབ་པའི་ལས་གཞི་ཞིག་གསར་དུ་འགོ་འཛུགས་ཀྱི་གསལ་བསྒྲགས་ཤིག་སྦྱར་བ་མཐོང་མ་ཐག དེ་ནི་རང་ཉིད་ལ་འབྲེལ་བ་མེད་པ་ཞིག་རེད་འདུག་ཅེས་བརྗོད་ཞོར་ཁྲེལ་དགོད་ཅིག་བྱས་ནས་ཕྱིན་པ་ཡིན། འོན་ཀྱང་གོམ་པ་བཅུ་ཙམ་གྱི་རྗེས་སུ་བསམ་བློ་གཉིས་པ་ཞིག་འཁོར་ཡོང་བ་ནི་ད་ལྟའི་དྷ་རམ་ས་ལར་སློབ་གྲྭ་ཁག་གི་བློ་རིག་བཀྲ་ལ་ན་ཚོད་གཞོན་པའི་སློབ་ཕྲུག་རྣམས་གུང་སེང་ལ་འབྱོར་ཡོད་པ་དྲན་ཡོང་དུས།

རྒྱས་པར་གཟིགས།

སྲོལ་རྒྱུན་སོ་ནམ་གྱི་སྲིད་ཇུས་ནི་མུན་ནག་མདའ་འཕེན་རེད།

    ལམ་ལུགས་རྙིང་པའི་སོ་ནམ་གྱིས་དཔལ་འབྱོར་འཚར་ལོངས་མེད་པས་བོད་མི་སྐྱབས་བཅོལ་བའི་རེ་བ་སྐོང་མི་ཐུབ། དུས་རབས་ཉི་ཤུ་རྩ་གཅིག་པར་སླེབས་ཟིན་པའི་སྐབས་འདིར་གནའ་བོའི་ཞིང་ལས་ཀྱི་བྱ་བས། མིའི་འདོད་པ་སྐོང་ཐུབ་པའི་བསམ་བློ་ལ་གཞི་རྩའི་ཆ་ནས་ནོར་འཁྲུལ་མེད་ཀྱང་ལྟོས་ས་ལྟོས་འཇོག་གིས་དབྱེ་ཞིབ་བྱེད་པ་ནི་ཡ་ཡོ་མེད་པ་དང་ཁེ་ཕན་ཡོད་པ། རིག་གསར་རམ་ཚན་རིག་དང་མཐུན་ཞིང་ལེགས་ཆ་ཡོད་པ་སོགས་བློ་གྲོས་ཡངས་པའི་དཔྱད་ཚུལ་འབའ་ཞིག་ཡིན་པས་དགོངས་པ་བཞེས་རྒྱུའི་དུས་ལ་བབས་ཡོད། བྱ་བ་གང་ཞིག་རྩོམ་ཡང་ལེགས་ཆ་དང་ཉེས་ཆ་གཉིས་ཀའི་འགྲེལ་བཤད་རེ་ཡོད་པ་ནི་ཀུན་ཁྱབ་རང་བཞིན་གྱི་ངོ་བོ་སྟེ། བཙན་བྱོལ་བའི་གཞིས་ཆགས་ཁག་ཏུ་སྲོལ་རྒྱུན་གྱི་ཞིང་ལས་ལ་ངལ་རྩོལ་དགོས་པའི་སྐུལ་འདེད་བྱས་པའང་དེ་དང་གཅིག་མཚུངས་རེད། དེ་ལས་ལྡོག་སྟེ་མི་འདོད་བཞིན་དུ་བཙན་སྐུལ་བྱེད་པའམ་ལྟ་བ་མཁྲེགས་བཟུང་རྒྱུན་འཁྱོངས་བྱེད་པ་ཁོ་ན་ཡིན་ན།

རྒྱས་པར་གཟིགས།