བུད་མེད་ཀྱི་གནས་དོན་འགའ་ཡང་གླེང་དུ་ཤོག
སྤུན་ཟླ་ཁྱེད་ཀྱིས་མཁའ་འགྲོ་མ་ཞེས་བརྗོད་མ་ཐག་ངའི་མིག་ནང་འཁོར་ཡོང་ བ་ནི་མིང་དོན་མཚུངས་པའི་སྔོན་བྱོན་བོད་ཀྱི་མཛངས་མ་མ་ཅིག་ལབ་སྒྲོན་རེད། འོན་ཀྱང་དེང་སང་ང་ཚོའི་སྤྱི་ཚོགས་སུ་ཆེ་གེ་མོ་འགའ་ཡིས་མཐོ་ས་ནས་རྫིག་ཉམས་ངོམ་པ་ལས་ཁོང་མོ་ལྟ་བུའི་དོན་དམ་གྱི་མཛངས་མ་ནི་ཉིན་མོའི་སྐར་མ་ལྟར་རེད། ད་ང་ཚོའི་བརྗོད་གཞི་སྣ་མང་ཡོང་ཕྱིར། གུས་མོས་བུད་མེད་ཀྱི་དོན་གནད་ཐོག་ནས་གླེང་ན་ང་ཚོའི་ཁྱིམ་གཞི་འདིའང་འཁྲུག་ཆ་ཆེ་རུ་འགྲོ་བའི་དགེ་མཚན་ཡོད། དེའང་འུ་ཚང་གི་གནའ་དཔེར་ལུང་པ་རྩྭ་ཕྱེད་ཆུ་ཕྱེད། རྒྱལ་ཁམས་ཕོ་ཕྱེད་མོ་ཕྱེད་ཅེས་ཟེར་སྲོལ་ཡོད་པ་ལྟར་བུད་མེད་རྣམས་ཀྱི་བྱ་བྱེད་ཡོངས་རྫོགས་འུ་ཚང་གི་ཁྱིམ་གཞི་ཆེན་མོར་འཇིག་བརྟེན་པའི་བདེ་སྐྱིད་དང་ཐད་ཀར་འབྲེལ་བ་ཡོད་སྟབས་། ཕ་ས་དང་མི་འདྲ་བ་རང་དབང་ལུང་པར་འཚོ་བཞིན་པའི་བུད་མེད་ཚོའི་འཇོན་ནུས་གང་ཅིའི་ཐད་ཡར་རྒྱས་ཀྱི་གོ་རིམ་འཐུས་ཚང་ཞིག་མ་བྱུང་ན།
རྒྱས་པར་གཟིགས།