དེ་སྔོན་ཊོམ་གྱི་སྡོད་གནས་ནས་གསང་བའི་ཡིག་ཆ་༡༠༠ ཙམ་ཕྱིར་སོན་བྱུང་འདུག
ཉེ་ཆར་ཨ་རིའི་དབུས་རྟོག་ཞིབ་ལས་ཁང་གིས་སྲིད་འཛིན་ཟུར་པ་ཊོམ་གྱི་སྡོད་གནས་ཤིག་ཏུ་སྔོན་བརྡ་མེད་པའི་བསྔོགས་བཤེར་བྱས་ཏེ། གལ་ཆེན་གྱི་གསང་བའི་ཡིག་ཆ་མང་པོ་ཞིག་རྙེད་སོན་བྱུང་ནས་ཕྱིར་བླངས་ཡོད་ཀྱང་། གནས་ཚུལ་གསར་པ་ཞིག་ལ་ཟླ་བ་༧ གྱི་སྔོན་ལ་གསང་བའི་ཡིག་ཆ་༡༠༠ ཙམ་ཞིག་ཀྱང་ཊོམ་གྱི་སྡོད་གནས་ནས་ཕྱིར་སོན་བྱུང་ཡོད་པ་རེད་འདུག ཟླ་༨ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨ་རིའི་རྒྱལ་ཡོངས་ཡིག་ཚགས་དང་ཟིན་ཐོ་ལས་ཁང་གིས་སྲིད་འཛིན་ཟུར་པ་ཊོམ་གྱི་ཁྲིམས་རྩོད་པར་བཏང་བའི་ཡི་གེ་ཞིག་ཕྱིར་བསྒྲགས་བྱས་འདུག་པ་དང་།
རྒྱས་པར་གཟིགས།