(cctv)རྒྱ་ནག་དབུས་བརྙན་འཕྲིན་དབྱིན་སྐད་འཕྲིན་ལམ་ནས་བོད་མི་རང་ལུས་མཆོད་རུ་འབུལ་མཁན་ཚོ་བསྟན་པ།

༢༠༡༢་ཟླ་༥་ཚེས་༧་ཞོགས་ལ།cctv )རྒྱ་ནག་དབུས་བརྙན་འཕྲིན་དབྱིན་སྐད་འཕྲིན་ལམ་ནས། ༼ཏཱ་ལའི་རི་ཚོགས་དང་རང་ལུས་མེ་བསྲེག་གྱི་དྲག་པོའི་དོན་སྐྱེན།༽ཟེར་བ་ཆེད་བསྒྲིག་ལེ་ཚན་ཞིག་བསྟན་ཡོད་པ་དང། བོད་མིས་རང་ལུས་མཆོད་འབུལ་༧གོང་ས་མཆོག་གིས་བརྒྱུད་བསྐུལ་བྱས་པ་ཞིག་ཡིན་ཚུལ་དང།  གཞན་རྡ་སར་སྐུ་མདུན་གྱིས་བཀའ་ཆོས་གནང་བ་དང་། བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་གི་པར། ཨ་མདོ་རྔ་བའི་རང་ལས་མཆོད་འབུལ་གནང་མཁན་བཀྲ་བྷེ་དང་ཁམས་བྲག་མགོའི་ཞི་རྒོལ་བ་ཚོར་ཁྲིམས་ཆད་བཅད་པ་སོགས་བསྟན་སོང།

  རྒྱུ་མཚན་གང་གི་ཕྱིར་བསྟན་པ་རེད་ཟེར་ན། བོད་ཚོ་བླ་འདར་གཉའ་གཅག་གི་ཆེད་དུ་རེད། རྒྱལ་སྤྱིའི་ཚོགས་ནས་དྲག་སྤྱོད་པར་ངོས་འཛིན་ཐབས་གནང་བ་ཞིག་རེད།  རྒྱ་གཞུང་གི་རེ་བ་ལས་ཟློག་ཕྱོགས་ཀྱི་ཤུགས་སྐྱེན་ཞིག་བོད་མིའི་སེམས་ནང་ལ་ཐེབས་ངེས་རེད། བོད་ནང་ཁོ་ཚོས་བཀྲ་བྷེ་སོགས་ཀྱི་འདྲ་པར་མཐོང་དུས་གངུང་སེམས་མཉམ་བསྐྱེད་དང་། མང་པོ་ཞིག་གི་སེམས་ནང་ལ་རང་ཤུགས་ཀྱིས་དྲི་བ་མང་ཞིག་སླེབས་ཡོང་བ་རེད། བོད་ནང་ལ་དབྱིན་སྐད་ཤེས་མཁན་མི་མང་ཡང། ལེ་ཚན་དེ་རུ་༧གོང་ས་མཆོག་གི་སྐུ་པར་དང་བཀའ་ཁྲི། དཔའ་བོ་ཁོང་ཚོའི་འཇིགས་སྣང་གི་པར་བརྙན་སོགས་སྐད་མ་གོ་ཡང་མཐོང་ཙམ་དོན་སྣང་བྱེད་ངེས་པ་ཞིག་རེད། རྒྱལ་སྤྱིའི་ཁྱོན་ལ་རྫུན་གཏམ་དེས་ནུས་པ་མི་ཐོན། ༧གོང་ས་མཆོག་གི་བདེན་པའི་ངོ་སྤྲོད་དང་། བཀའ་ཁྲི་མཁས་དབང་བློ་བཟང་སེང་གེས་སོགས་ཀྱི་འཛམ་གླིང་གི་བརྒྱུང་ལམ་ཆེ་ཁག་bbcསོགས་ལས་ཐེང་མང་བདེན་པ་ར་སྤྲོད་བྱས་ཚར་བ་རེད།