ཀ་ཎ་ཌ་ག་མངའ་སྡེའི་ནང་སྤྱི་སྤྱོད་རླངས་འཁོར་གཏོར་སྐྱོན

ཟླ་འདིའི་ཚེས་༢ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ག་མངའ་སྡེ། ཧུབ་ལི་གྲོང་ཁྱེར་གྱི་ཉེ་འཁྲིས་གྱི་གཞུང་ལམ་ཐོག་ཀ་ཎ་ཌ་ག་(Karnataka)མངའ་སྡེའི་ནང་གི་མི་མང་གིས་མ་ཧ་ར་ཤི་ཌའི་(Maharashtra) མངའ་སྡེའི་སྤྱི་སྤྱོད་རླངས་འཁོར་ཆེ་བ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པ་རེད།

south India 2014  8  2སྐབས་དེར་མི་མང་གི་བདེ་འཇགས་ཆེད་ཀ་ཎ་ཌ་ག་མངའ་ཁུལ་གྱི་མེ་གསོད་རུ་ཁག་དང་ཉེན་རྟོག་པ་སོགས་ཧ་ཅང་ཕོན་ཆེན་ས་གནས་སུ་འབྱོར་ཡོད་ན་ཡང་།   མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་དང་འབྲེལ་མ་ཧ་ར་ཤི་ཌའི་མངའ་སྡེའི་སྤྱི་སྤྱོད་རླངས་འཁོར་ཆེ་བ་གཅིག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་ནའང་། རླངས་འཁོར་ནང་གི་ཡུལ་མི་ཚོར་རྨས་སྐྱོན་སོགས་གང་ཡང་བྱུང་མེད་པ་རེད།   མྱུར་བགྲོད་གཞུང་ལམ་ཐོག་ཡར་མར་འགྲོ་མཁན་རླངས་འཁོར་ཆེ་ཆུང་བརྒྱ་ཕྲག་མང་པོ་དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་བཀག་འགོག་བྱས་ཡོད་པ་རེད།

གནས་ཚུལ་དེའི་སྐོར་ས་གནས་དེར་ཡོད་པའི་ཀ་ཎ་ཌ་གའི་ཡུལ་མི་(Achok ) ལ་གནས་འདྲི་བྱས་པར།   གནས་ཚུལ་འདིའི་འབྱུང་རྐྱེན་གཙོ་བོ་ཉེ་ཆར་ཕྱི་ཟླ་བདུན་པའི་ནང་ཉིན་གྲངས་༡༥ ཙམ་གྱི་སྔོན་ལ་ཀ་ཎ་ཌ་ག་མངའ་སྡེའི་སྤྱི་སྤྱོད་རླངས་འཁོར་ཆེ་བ་གཉིས་མ་ཧ་ར་ཤི་ཌ་མངའ་སྡེའི་ནང་དུ་འགྲོ་སྐབས་མི་མང་གིས་གཏོར་སྐྱོན་བཟོས་ཡོད་རྐྱེན།   དེ་རིང་གི་གནས་ཚུལ་འདི་ལྷག་པ་རེད་ཅེས་དང་།   ཁོང་གིས་མུ་མཐུད་ནས་གསུང་དོན།   མ་ཧ་ར་ཤི་ཌ་མངའ་སྡེ་དང་ཀ་ཎ་ཌ་ག་མངའ་སྡེ་གཉིས་ཀྱི་ནང་འདི་ལྟར་གནས་ཚུལ་མུ་མཐུད་ལྷག་དོན་གཙོ་བོ་དེ་ཡང་མངའ་སྡེ་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་ལ་བརྟེན་ནས་མངའ་སྡེ་ནང་ཕན་ཚུན་གྱི་མི་མང་གི་བར་རྙོག་གླེང་ཆགས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

ལྷོ་ཕྱོགས་གསར་འགོད་པས།