གླིང་ཚང་ཆོས་རྒྱལ་འཇིགས་མེད་དབང་འདུས་མཆོག་སྐུ་གཤེགས་པ།
གདོང་དྲུག་རིགས་རུས་ལས་མཆེད་པའི ་སྤུར་རྒྱལ་བོད་ཆེན་པོའི་རྒྱལ་ ཁབ་འདི་ལ་ཕྱོགས་ཀྱི་རྒྱལ་ཕྲན་དུ ་མར་བཞུགས་པ་ལས་མདོ་ཁམས་སྨད་འདི ར་ནག་ཕྱོགས་བདུད་དགྲ་འདུལ་བའི་ དཔའ་བོ་ཆེན་པོ་གླིང་སེང་ཆེན་གེ་ སར་ནོར་བུ་དགྲ་འདུལ་གྱི་གདུང་ ལས་མཆེད་པའི་གླིང་ཚང་ཆོས་རྒྱལ་ ཆེན་པོ་ཞེས་ལུགས་གཉིས་ཀྱི་མངའ་ བདག་རྒྱལ་རྒྱུད་རིམ་པ་བྱོན་པ་ ལས་རྒྱལ་རབས་༦༥ པ་གླིང་ཆོས་རྒྱལ་འཇིགས་མེད་དབང་ འདུས་མཆོག
སྤྱི་ལོ་༢༠༡༥ ཟླ་བ་༣ པའི་ཚེས་༢༢ ཐོ་རངས་ཆུ་ཚོད་༣ པའི་ཐོག་དགོངས་པ་ཞི་བར་མནལ་བ་ དང་། ཆོས་རྒྱལ་མཆོག་ནི། སྤྱི་ལོ་༡༩༣༧ ཟླ་༣ ཚེས་༢༠ ཉིན་སྐུ་འཁྲུངས། རིང་པོ་མ་ལོན་པ་ཡབ་ཆོས་རྒྱལ་ཕུ ན་ཚོགས་རབ་བརྟན་གྱི་མདུན་ནས་ལུ གས་གཉིས་ཀྱི་མཁྱེན་རྒྱ་བསྐྱེད་ ནས་རྣམ་དཔྱོད་དང་དཔའ་མཛངས་ལ་ཀུ ན་གྱིས་བསྔགས།
སྤྱི་ལོ་༡༩༥༩ ལོར་དུས་ཀྱི་འཕོ་འགྱུར་གྱིས་རི་ བོ་གངས་ཅན་པའི་སྣོད་བཅུད་ཀྱི་ དངོས་པོ་ཀུན་ལ་མི་བཟད་པའི་ཆག་ འཇིག་བྱུང་བའི་དུས་མཚུངས་སྤྱི་ ལོ་ ༡༩༥༦ ལོར་ནས་བཟུང་བོད་བསྟན་པ་ཆབ་སྲི ད་སྤྱི་དང་། ཁྱད་པར་གླིང་ཆོས་རྒྱལ་ཆེན་པོའི་ འབངས་སུ་མཆིས་པ་རྣམས་ཀྱི་ཆེད་དུ ་ཞུམ་པ་མེད་པའི་སྙིང་ སྟོབས་ཀྱིས་རྒྱ་དམག་དང་འཐབ་འཛི ང་མུ་འཐུད་ནས་ལོ་ཤས་མཛད།
དེ་ནས་རིམ་གྱིས་འཕགས་ཡུལ་དུ་འབྱ ོར་ཏེ་བྱེས་ཀྱི་གླིང་ཚང་སྡེ་ འབངས་ཡོངས་ནས་ཇི་ལྟར་གསོལ་བ་ བཏབ་པ་བཞིན་སྤྱི་ལོ་༡༩༧༣ ལོར་གླིང་ཚང་གཞིས་ཆགས་ཀྱི་དབུ་ འཛིན་ཐུགས་ཁུར་བཞེས་ནས་ལོ་ངོ་ བཅུ་ཙམ་དཀའ་ཚེགས་ལ་མ་ལྟོས་པ་ཕྱ ག་ལས་གནང་སྟེ་གླིང་ཚང་གཞིས་ཆགས་ ཞེས་ཀུན་གྱིས་ཡིད་སྨོན་འོས་པ་ལྟ ་བུར་གྱུར།
དེ་རྗེས་གཞིས་ལུས་གླིང་ཚང་སྡེ་ འབངས་ལ་ཕན་དུ་རེ་ནས་སླར་ཕ་ཡུལ་ དུ་ཕྱིན་ནས་གཞིས་ལུས་སྡེ་འབངས་ ལ་ཕྱིས་འབྱུང་ཕུགས་མདུན་ལ་ཕན་ པའི་གནད་སྨིན་སློབ་གསོ་དང་ལམ་སྟ ོན་བཀའ་སློབ་རྒྱུན་མར་བསྩལ་བ་ དང་། སྔར་བྱོན་ཆོས་རྒྱལ་རྣམས་ཀྱི་དགོ ངས་འདུན་སྲོག་ཏུ་བཟུང་ནས་རྣམ་ དཀར་ཆོས་མཐུན་གྱི་བྱ་བ་ཁོ་ན་ལ་ འབད་ཅིང་རྒྱ་ནག་ཁྲིན་ཏུའུ་གྲོང་ ཁྱེར་དུ་བཞུགས་བཞིན་འདས་པའི་བདུ ན་ཕྲག་གཅིག་ཙམ་གྱི་རིང་དུ་ཟས་ཀྱ ི་ཁམས་མི་ཡོང་བ་ལྟ་བུའི་སྐུ་ ཁམས་སྔར་དང་ཅུང་མ་འདྲ་བ་ཙམ་ལས་ཚབ་ ཆེན་གྱི་སྨྱུང་གཞི་དང་ཟུག་རྔུ་ སོགས་གང་ཡང་མེད་སྤྱི་ལོ་༢༠༡༥ ཟླ་བ་༣ པའི་ཚེས་༢༢ ཐོ་རངས་ཆུ་ཚོད་༣ པའི་ཐོག་དགོངས་པ་ཞི་བར་མནལ་བ་ དང་། སྐབས་དེར་བསྟན་འཕེལ་ལྕམ་མོ་སྤྲུ ལ་སྐུ། ཚབ་ཚ་སྐུ་ཕྱེ་སྤྲུལ་སྐུ། རྫོང་མགོ་སྤྲུལ་སྐུ་ཐུབ་བསྟན་སྐ ལ་བཟང་། ཀཿཐོག་སྤྲུལ་སྐུ་བཀྲ་བརྒྱ། སྨིན་གླིང་དགོན་གྱི་སྤྲུལ་སྐུ་ གྲགས་པ་། ལེགས་དགོན་མཁན་པོ་སྐལ་བཟང་ཕུན་ ཚོགས་སོགས་བཅར་ཏེ་ཐུགས་སྨོན་དང་ ། གཞན་ཡང་ཀཿཐོག་མཁན་སྤྲུལ་དང་དགེ་ འདུན་པ་མང་དག་ཞིག་གླིང་ཚང་སར་བོ ད་ཟླ་༢ ཚེས་༦ བར་དགོངས་རྫོགས་མཆོད་འབུལ་མཛད་ བཞིན་དང་། བོད་ཟླ་༢ ཚེས་༧ ཉིན་རྒྱ་ནག་ཁྲིན་ཏུའུ་ནས་ཁམས་གླ ིང་ཚང་རྫོང་མགོ་དགོན་དུ་སྐུ་གདུ ང་གདན་འདྲེན་ཞུས་ཏེ་ཞུགས་སུ་འབུ ལ་བ་དང་གཞི་རྩའི་དགོངས་རྫོགས་ མཆོད་འབུལ་ཁམས་གླིང་ཚང་རྫོང་མགོ ་དགོན་དུ་གནང་འཆར་ཡིན་པ་བཅས་སོ། །
གླིང་ཚང་བསྟན་སྐྱབས་ཀྱིས།