སྤྱི་འཐུས་ཀྱིས་མོན་གྷོ་ས་གནས་སུ་གཟིགས་སྐོར།

ཕྱི་ཟླ་༥ པའི་ཚེས་༢༧ ནས་བདུན་ཕྲག་གཅིག་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་དགེ་ལུགས་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་དང་། བོན་པོའི་སྤྱི་འཐུས་རྣམ་དག་གཙུག་ཕུད་རྣམ་གཉིས་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་རེད།

news photos from mundgod 2014   6   2 (2)ཕྱི་ཚེས་༢༨ ཉིན་ནས་བཟུང་ཉིན་གྲངས་༥ ཡི་རིང་མོན་གྷོ་ས་གནས་ཀྱི་གདན་ས་དགའ་འབྲས་གཉིས་གཙོས་དགོན་སྡེ་གྲྭ་ཚང་ཁག་དང་།   གཞིས་ཁག་ཁག འཕྲོད་བསྟེན་སྨན་ཁང་དང་སློབ་གྲྭ་ཁག མི་མང་མཉམ་འབྲེལ་དང་ས་གནས་ནས་འཐུས་ཚོགས་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་སོ་སོར་འཚམས་འདྲི་གཟིགས་སྐོར་གནང་ཡོད་པ་རེད།

ཕྱི་ཚེས་༢༩ ཉིན་གྱིས་ཕྱི་དྲོ་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་དགེ་འདུན་པ་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་དག་གཙུག་ཕུད་ཀྱིས་གཏམ་བཤད་གནང་སྐབས། ང་ཚོ་ཚང་མ་མིའི་ལུང་པའི་ནང་བསྡད་ཡོད་སྟབས། ཡུལ་མིར་འཆམ་མཐུན་དགོས་སྐོར་དང་། ས་གནས་འདིའི་དགོན་སྡེ་གྲྭ་ཚང་གི་འཕྲོད་བསྟེན་སྨན་ཁང་ཁག་གཅིག་གིས་སྨན་རིན་ཕྱེད་བཅག་བྱས་ནས། རྒྱ་གར་ཡུལ་མི་ལ་ཕན་པ་སྒྲུབ་བཞིན་པ་མཐོང་ཐོས་བྱུང་བའི་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།   གཞན་ང་ཚོ་བོད་མི་རིགས་ལ་མཚོན་ན་ཆོས་དང་རིག་གཞུང་ལ་གདན་ས་གྲྭ་ཚང་ཁག་གིས་བསླབ་པ་སློབ་གཉེར་གྱི་སྐོར་ལ་ཤུགས་རྒྱག་དགོས་པ་དང་། དམིགས་བསལ་འདིར་གདན་ས་དང་དགོན་སྡེ་ཁག་ཅིག་དུ་ཧི་མ་ལའི་རི་རྒྱུད་ཀྱི་སློབ་གཉེར་བ་མང་པོ་ཡོང་ཡོད་པ་ཤེས་རྟོགས་བྱུང་།   ཁྱེད་རྣམས་པའི་བོད་ཀྱི་སྐད་ཡིག་ལ་སྦྱངས་བ་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་རྒྱུད་འཛིན་བྱེད་རྒྱུར་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། བོད་ནང་ད་བར་དུ་བོད་མི་བརྒྱ་དང་སུམ་བཅུ་བརྒལ་བའི་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་ན་ཡང་། རྒྱ་གཞུང་གིས་ངོས་ནས་ད་དུང་བོད་མི་ཚོ་མངོན་ལྐོག་གཉིས་ནས་འཛིན་བཟུང་བཙོན་འཇུག་དང་གསོད་རྡུང་བཅོམ་གསུམ་སོགས་བོད་ནང་གི་དམ་དྲག་གནས་སྟངས་དེ་གཉིས་ཕན་དབུ་མའི་ཐབས་ལམ་གྱི་ཐོག་ནས་དཀའ་སྡུག་སེལ་ཐུབ་ཐབས་སུ་འབད་བརྩོན་གནང་དགོས་རྒྱུ་དེ་སེམས་ལ་འཛིན་དགོས་བ་དང་ ང་ཚོ་ཕྱི་སྡོད་བོད་མི་ཡོངས་རྡོག་རྩ་གཅིག་དུ་བསྒྲིལ་ཐོག་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་ཐབས་བྱེད་དགོས་སྐོར་སོགས་གསུངས་སོང་།

དེ་བཞིན་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་ཀྱིས་གཏམ་བཤད་གནང་སྐབས། གཙོ་ཆེར་ང་ཚོ་ཅིའི་ཕྱིར་བཙན་བྱོལ་དུ་ཡོང་བ་ཡིན་པ་དང་ཇི་ལྟར་བོད་དོན་བདེན་མཐའ་གསལ་ཐབས་སུ་ཕྱག་ལས་གནང་དགོས་མིན་བཅས་ཀྱི་སྐོར་སོགས་གསུངས་ཡོད་པ་རེད།

news photos from mundgod 2014   6   2ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་མོན་གྷོ་ས་གནས་གནད་ཡོད་མི་སྣ་ཚོར་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་རྗེས། ས་གནས་འཐུས་ཚོགས་ཀྱི་འཐུས་མིའི་མཚོན་གནད་ཡོད་མི་སྣ་ཚོས་མོན་གྷོ་ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་གི་སྨན་པའི་ཕྱག་ལས་གནང་སྟངས་འགྲིག་མིན་དང་ལྷག་པར་དུ་གཏན་ཉིན་སློབ་གྲྭའི་སློབ་སྤྱི་མེད་པའི་དཀའ་ངལ། དེ་བཞིན་སློབ་ཕྲུག་ཚོའི་ནང་མཐུན་ལམ་མེད་པའི་དཀའ་ངལ། སློབ་སྦྱོང་གི་གནས་བབ་སྐྱོ་རུ་འགྲོ་ཡི་ཡོད་སྐོར་དང་། མོན་གྷོ་ས་གནས་ཀྱི་གཞུང་ལམ་གྱི་དཀའ་ངལ་སོགས་ཀྱི་སྐོར་དང་། གཞན་ཡང་བོད་གཞུང་བཀའ་སྤྱི་གཉིས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བ་སོགས་ཀྱི་སྐོར་ལ་རེ་སྐུལ་དང་དོགས་འདྲིར་ལན་འདེབས་སོགས་གནང་སོང་།

དེ་བཞིན་ཟླ་འདིའི་ཚེས་༢ ཉིན་གྱི་སྔ་དྲོ་སླར་ཡང་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་མི་མང་ཡོངས་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་བསྡུ་བསྐོང་གི་མཇུག་བསྡོམས་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། དེ་ཡང་ཐོག་མར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་མི་མང་ལ་ངོ་སྤྲོད་གཏམ་བཤད་གྲུབ་རྗེས། སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་ང་རང་ཚོའི་ཡིད་གཟབ་བྱེད་དགོས་སའི་དོགས་གནས་དང་བོད་ནང་གི་བོད་མི་ཚོ་ད་ལྟའི་ཛ་དྲག་གི་གནས་སྟངས་འོག་ཇི་ལྟར་གནས་ཡོད་མེད།   རྒྱ་གཞུང་གིས་དོར་རྒྱལ་ཚོགས་པར་རྒྱབ་སྐྱོར་ཡོད་ཚུལ་གྱི་གཞུང་འབྲེལ་ཡིག་ཆ་བཞག་ཡོད་པ་སོགས་ཀྱི་མཚོན་བོད་དོན་ཐོག་འཁྱོག་བཤད་དང་སྐྱོན་བརྗོད་དུས་ནས་དུས་སུ་བྱས་དང་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་གནང་ཡོད་པ་རེད།

སྤྱི་འཐུས་རྣམ་དག་གཙུག་ཕུད་མི་མང་གི་བསམ་ཚུལ་ཡར་དབུས་བོད་མིའི་སྒྲིག་འཛུགས་སྙན་ཞུ་ཕུལ་ནས་ལས་དོན་འགྲུབ་ཐུབ་པ་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

ལྷོ་ཕྱོགས་གསར་འགོད་པས།