གཞན་ལ་ལྟ་བའི་མིག་ལྡན་ན། རང་ལ་ལྟ་སའི་མེ་ལོང་དགོས།
གང་ཡིན་ཞེ་ན་ང་ཚོའི་སྤྱི་ཚོགས་ནང་དེ་འདྲའི་མི་གཅིག་ཡིན་ནའང་མང་དུ་མི་འགྲོ་བའི་རེ་འདུན་ཡོད། འདིར་ངས་བཤད་འདོད་པ་ནི་ཁྱེད་ཀྱི་རྩོམ་ཡིག་དེ་སྤྱི་ཚིག་སྤམ་བཤད་ཙམ་ལས་གནད་ལ་ཕོག་པའི་སྐྱོན་འདོགས་བྱེད་ཐུབ་མིན་འདུག གལ་ཏེ་ཁྱེད་རང་གིས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་སྤྱོད་ངན་དེ་འདྲ་མཐོང་བ་དངོས་བདེན་ཡིན་ན། སྤྱི་ཚོགས་ལེགས་བཅོས་ཆེད་དུ་བླ་སྤྲུལ་སོགས་མི་ངན་འདི་དང་དེས་སྤྱོད་ངན་དེ་དང་འདི་ཞེས་ཁ་གསལ་གོ་བདེ་ཞིག་བྲི་དགོས་པ་ལས་ཁྱེད་ཀྱིས་མིན་ནག་མདའ་འཕེན་བྱས་ན་དགེ་སྐྱོན་གང་ཡང་འབྱུང་མི་ཐུབ། ངས་ཁྱེད་ཀྱི་ཟིན་བྲིས་སྔ་ཕྱི་སོགས་ལ་བལྟས་ན། ཁྱེད་ཀྱང་སྐུ་སྤྱོད་བཟང་པོ་དེ་འདྲ་ཞིག་ཡིན་བཟོ་མིན་འདུག གང་ཡིན་ཞེ་ན། ཁྱེད་རང་ལ་དཀའ་ངལ་འཕྲད་སྐབས་རོགས་པ་བྱེད་མཁན་གཅིག་ཀྱང་མ་རག་པ་མ་ཟད། ཉིན་གཅིག་ཁ་ལག་ཀྱང་མ་རག་པ་སོགས་སྡུག་སྐད་ཤོར་སྟངས་ནི་སྤྱི་ཚོགས་ནང་དུ་ཧ་ཅང་སྤྱོད་ངན་རིགས་ལ་མ་གཏོགས་གཏན་ནས་ཡོང་གིན་མེད། གཞན་ལ་ལྟ་བའི་མིག་ཡོད་ན། རང་ལ་ལྟ་སའི་མེ་ལོང་ཡོད་དགོས། ཞེས་པ་ལྟར་ཁྱེད་རང་ཁེར་རྐང་དུ་ལུས་པ་དང་། ཁ་ལག་མ་རག་པ། གྲོགས་པོ་གྲོགས་མོ་སོགས་བོར་བརླགས་ཤོར་བ་སོགས་གཞན་ཁོ་ན་ལ་སྐྱོན་འདོགས་མ་བྱས་ནས་རང་ཉིད་ཀྱི་ནམ་རྒྱུན་འགྲོ་བསྡད་སྐྱེད་གསུམ་གསལ་མཐོང་ཐུབ་ངེས་ཀྱི་མེ་ལོང་ལ་བལྟས་ནས་རྟོག་དཔྱོད་ཞིབ་ཚགས་བྱས་ན་ཏན་ཏན་སྔར་མ་ཤེས་པའི་གནད་དོན་ཆེན་པོ་ཞིག་ཤེས་ཐུབ་ངེས་ལ་དེས་མ་འོངས་པར་ཁྱེད་ལ་རོགས་ཕན་ཆེན་པོ་བྱེད་ངེས་། ཁེར་རྐྱང་ལགས། ངས་རེ་བ་ལ་མ་འོངས་པར་ཁྱེད་ཀྱི་སྐུ་སྤྱོད་ལེགས་བཅོས་བྱུང་ནས་གྲོགས་པོ་གྲོགས་མོ་ཆུ་རྒྱུག་རྒྱུག་ཡོང་བའི་སྨོན་འདུན་ཞུ།
དྲྭ་གྲོགས་ཁེར་རྐྱང་ལགས། ཁྱེད་ཀྱིས་བཀའ་ཁྲིའི་སྐོར་ལ་རྟོག་ཞིབ་བྱས་ཀྱིན་ཡོད་དམ། བཀའ་ཁྲིར་འོས་ཤོས་སུ་མཐོང་གིན་འདུག གཞན་གཉིས་ལ་མི་འོས་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། དེའི་སྐོར་ང་ལ་རོགས་ཕན་ཞིག་གནང་དང་ངས་ད་དུང་ཡང་བཀའ་ཁྲིར་སུ་ཞིག་བླུག་མིན་ཐག་བཅད་ཐུབ་མ་སོང་།།

