tashi delek
ཨེ་ མ།སྙིང་རྗེ་ཡི་བདག་ཉིད་ཆེན་པོ་༧གོང་ས་མཆོག།འདས་པའི་སོག་པོའི་རྒྱལ་པོས་ཁྱེད་ ལ་ཏཱ་ལའི་ཞེས་ཆེ་བསྟོད་ཀྱི་མཚན་གསོལ་ཡང་དེ་ནི་སོག་པོའི་མི་རིགས་ཁོ་ན་སྟེ། དུས་རབས་ཉེར་གཅིག་པའི་འདི་ཡི་ནང་ཁྱེད་ཀྱི་བྱམས་སེམས་གངས་ཆུ་དྭངས་མོ་དེ་འཛམ་ གླིང་ཀུན་ལ་དལ་གྱི་བབས་པའི་དུས།་སེམས་ཅན་མང་པོ་སྡུག་བསྔལ་གྱི་སྐོམ་པ་སེལ་ ནས་ཁྱེད་ལ་བསྔགས་པའི་གླུ་དབྱངས་མགྲིན་གཅིག་ཏུ་་་ལེན་ནས་མི་ཡུལ་གྱི་སྐད་ གྲགས་ཆེ་བའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་བ་མ་ཟད།ཁྱེད་ཀྱི་སྙིང་རྗེའི་ ཉི་མའི་འོད་ཟེར་གྱིས་ཉོན་མོངས་པའི་དགྲ་བོ་ཐམས་ཅད་ཀྱང་སྙིང་རྩ་འདར་རུ་འཇུག།
ཀྱེ་ མ།སྤྱན་རས་གཟིགས་སམ་བསྟན་འཛིན་རྒྱལ་མཚོ་མཆོག།ཁྱེད་ནི་ང་ཚོའི་བོད་མི་རིགས་ ཀྱི་སྤོབས་པ་ཡིན་ལ་ཉམས་དམའ་བའི་བོད་ཕྲུག་རྣམས་ཀྱི་ཕ་མའང་ཡིན།ཁྱེད་ནི་གངས་ ཆུ་དྭངས་མོ་བཞིན་དུ་བོད་མི་རེ་རེའི་ཁྲག་རྩའི་ནང་དུ་བཞུར་བཞིན་ཡོད་ལ།ལྷག་པར་ བུ་ཆུང་ང་རང་སྡུག་ན་སྙིང་གཏམ་ཤོད་ས་དང་དགའ་ན་བསྟོད་གླུ་ལེན་སའང་ཁྱེད་ཡིན། དེ་རིང་ནོར་ཝའི་ཞི་བདེ་གཟེངས་རྟགས་བཞེས་ནས་བགྲང་བྱ་ཉེ་ཤུ་འཁོར་བའི་དགའ་བསུ་ ལ་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲིས་དང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ ལམ་ཡང་ཞུའོ།
གོང་ དུ་བདག་གིས་ཁྱེད་ལ་ཅུང་ཙམ་བསྟོད་གླུ་ལེན་ཁུལ་ཡིན་ཡང་།སྐྱེ་བོ་ཕལ་པ་ང་ལྟ་ བུའི་སྤྱན་རས་གཟིགས་ལ་བསྟོད་པའི་མེ་ཏོག་ཕུལ་བ་ནི་ཧ་ཅང་གི་དགོད་བྲོ་བ་ཞིག་ ཡིན་ནའང་།དེ་ནི་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་ཡིན་ཁུལ་གྱི་བཀྲ་ཤིས་ པའི་གླུ་དབྱངས་ཤིག་ལེན་ན་འདོད།ཅེས་ཧོར་བུ་ཡེ་ཤེས་ནས་༢༠༠༩ལོའི་ཟླ་༡༢པའི་ཚེས ༡༠་བཟང་པོ་ཉིན་གུས་ཕྱག་དང་བཅས་ཕུལ་ལོ།།
