དྲ་གྲོགས་ཚོར་གཤམ་གྱི་གཏམ་བཤད་དེ་ལ་གཟིགས་དང་www.tibet.cnནང་གི་བོད་ཡིག་ཐོག་སྤེལ་འདུག།
༢༠༠༦ལོའི་བར་དུ་ཐེངས་ལྔ་ལ་མཇལ་འཕྲད་གླེང་མོལ་གནང་ཞིང་། དུས་སྐབས་དེའི་ཀྲུང་གུང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དཔོན་པོ་རྣམས་ཀྱིས་ཚོགས་འདུ་འཚོགས་པའི་རིང་ལ་ཁ་གསལ་བའི་སྒོ་ནས་འདི་སྐད། ཁོ་ཚོས་ཏཱ་ལའི་བླ་མས་བོད་རང་བཙན་བྱེད་འདོད་ཀྱི་རེ་འདོད་མེད་པ་རྟོགས་མོད། ཡིན་ནའང་ལོ་དེའི་གྲོས་མོལ་རྗེས་ཀྱི་ཟླ༤པ་དང་ཟླ༥པའི་ནང་དུ་ཀྲུང་གུང་གིས་ཏཱ་ལའི་བླ་མའི་ཕྱོགས་སུ་རྒོལ་གཏམ་གཏོང་བའི་གཏམ་བརྗོད་ཆེ་རུ་ཕྱིན་ཡོད་པ་རེད། འདིས་གསལ་བཤད་ཅིག་བྱས་ཡོད་པ་ནི། ཀྲུང་གོའི་འགོ་ཁྲིད་རྣམས་ཀྱིས་ཏཱ་ལའི་བླ་མས་ཁ་བྲལ་གྱི་བྱེད་སྒོ་མི་སྤེལ་བར་རྒྱུས་ལོན་ཧ་ཅང་ཟབ་མོ་ཡོད་མོད། འོན་ཀྱང་ཁོ་ཚོས་དྲིལ་བསྒྲགས་སྟེང་དུ་གསུང་རྒྱུར། ཏཱ་ལའི་བླ་མས་རང་བཙན་གྱི་བྱེད་སྒོ་སྤེལ་བ་ནི་ཁོ་ཚོར་ཕན་ཁེ་ཡོད་པར་བསམ་བཞིན་ཡོད”ཅེས་བརྗོད་པ་རེད། ཏཱ་ལའི་སྐད་ཆ་དེར་རྒྱ་ཆེ་བའི་མི་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱིན་འདུག་ཅིང་། ཁྱེད་ནི་ཏཱ་ལའི་མི་སྒེར་གྱི་འཐུས་མི་ལ་མཇལ་འཕྲད་གྲོས་མོལ་བྱེད་པའི་སྐབས་ཀྱི་ཀྲུང་དབྱང་གི་ཚབ་བྱེད་མི་སྣ་ཞིག་ཡིན་ནམ། ཏཱ་ལའི་བརྗོད་ཀྱིན་པའི་ཀྲུང་གུང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དཔོན་པོ་ཞེས་བྱ་བའི་དཔོན་པོ་དེ་ཁྱེད་རང་ཡིན་སྲིད། ཁྱེད་ཀྱིས་སྐད་ཆ་དེ་འདྲ་བརྗོད་མྱོང་ངམ།
ཀྲུའུ་ཝེ་ཆུན་གྱིས་འདི་སྐད། ངས་གཟབ་ནན་གྱིས་བརྗོད་དགོས་སྟེ། ངས་སྐད་ཆ་དེ་འདྲ་བརྗོད་མ་མྱོང་བ་དང་ནམ་ཡང་དེ་འདྲ་ཞིག་བརྗོད་ཀྱང་མི་སྲིད་པ་ཡིན། དེ་ངའི་སེམས་ན་ ཧ་ཅང་གསལ་བོ་ཡིན་པ་མ་ཟད། ད་དུང་༢༠༠༦ལོར་ཀོས་ལིན་དུ་འཚོགས་པའི་མཇལ་འཕྲད་གྲོས་མོལ་ཐེངས་ལྔ་བའི་ཁྲོད་དུ་སྐུ་ཞབས་རྒྱ་རི་བློ་གྲོས་སོགས་མི་རྣམས་ཀྱིས་ཚོགས་ཐོག་ཏུ་བརྗོད་པའི་སྔར་གྱི་སྐད་ཆ་ཇི་བཞིན་དུ་ཟིན་ཕབ་བྱས་ཡོད་ཅིང་། ཏཱ་ལའི་ཡིས་ངའི་སྐད་ཆ་འདི་བཀོལ་སྤྱོད་བྱེད་ཐུབ་པར་བསམ་བཞིན་ཡོད་སྟེ། ཏཱ་ལའི་བླ་མས་རང་ཉིད་ཀྱི་གཞི་རྩའི་ཆབ་སྲིད་ལངས་ཕྱོགས་ཐད་ནས་སྔར་ལས་ལྷག་པར་བསམ་ཞིབ་བྱེད་དགོས་འདུག་ཅིང་། ཏང་ཀྲུང་དབྱང་ལ་མི་རྣམས་ཡིད་ཆེས་ཐུབ་པའི་འགྲེལ་བཤད་ཅིག་རྒྱག་དགོས་འདུག སྐུ་ཞབས་རྒྱ་རིས་བཤད་རྒྱུར། ཏཱ་ལའི་བླ་མས་ཡང་ནས་བསྐྱར་དུ་རང་གི་ལངས་ཕྱོགས་གསལ་བསྒྲགས་གནང་ནས་རང་བཙན་མི་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་གོའི་རྩ་ཁྲིམས་གཞིར་བཟུང་ནས་ཐག་གཅོད་བྱེད་དགོས་པའི་སྐོར་བརྗོད་ཅིང་། སྐད་ཆ་འདི་ནི་ཡག་པོ་འདུག་མོད། འོན་ཀྱང་འདི་ཁོ་ནས་འདང་གི་ཡོད་པ་མ་རེད། ཡང་སྙིང་ཅི་ཞིག་ཡིན་པའི་ཐད་ནས། ཁ་གསལ་བོའི་ངང་འགྲེལ་བཤད་ཡག་པོ་ཅིག་རྒྱག་དགོས་འདུག ད་ལྟའི་བར་དུ་ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་འགྲེལ་བཤད་ཐད་ད་དུང་ཡང་འཆར་གཞི་ལྔ་དང་བསམ་འཆར་གསར་པ་བདུན་ཞེས་པ་དེ་ལས་མ་འདས། ཟམ་གདོང་གིས་ད་ལོའི་ལོ་སྟོད་དུ་ད་དུང་ཡང་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླ་རྣམས་ལ། ༡༩༨༧ལོའི་ཏཱ་ལའི་བླ་མས་བཏོན་པའི་ཞི་བདེའི་འཆར་གཞི་ལྔ་དང་༡༩༨༨ལོར་སྤེལ་བའི་སི་ཐི་ལ་སི་པའོ་ཡི་བསམ་འཆར་བདུན་ནི་ང་ཚོའི་རྩ་དོན་རང་བཞིན་གྱི་ཆབ་སྲིད་ཕྱོགས་སྟོན་ཡིན་ཞེས་བརྗོད་པ་རེད