༧གོང་ས་མཆོག་ནས་གྷོར་བྷ་ཆོབ་གྲོངས་བར་ཐུགས་གསོ་མཛད་འདུག
ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཟུར་པ་དང་མཐའ་མ་སྐུ་ཞབས་མི་ཁལ་གྷོར་བྷ་ཆོབ་ཟླ་༨ པའི་ཚེས་ ༣༠ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་གནང་འདུག དེ་བཞིན་རྒྱལ་སྤྱིའི་འགོ་ཁྲིད་གཞན་ཚོས་ཀྱང་ཐུགས་གསོའི་བསྒྲགས་གཏམ་སྤེལ་འདུག
དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན། ངོས་ཀྱི་ཆོས་གྲོགས་ལ་བསྔོ་སྨོན་ཞུ་རྒྱུ་དང་ཁོང་གི་སྲས་མོ་ཨི་རི་ན་ཝིར་གྷན་ས་ཀ་ཡ་ (Irina Virganskaya) ལགས་དང་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཁོང་གིས་རྒྱལ་ཁབ་ནང་གུ་ཡངས་དང་གསར་བརྗེ་གནང་རྒྱུའི་མཚོན་རྡུལ་ཕྲན་མཚོན་ཆར་དགག་པ་གནང་བར་ངོས་ཀྱིས་ཁོང་དང་ཁོང་གི་མཛད་རྗེས་ལ་གུས་བརྩི་ཞུ་ཡི་ཡོད། ཁོང་གིས་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆའི་གྲངས་ཉུང་དུ་གཏོང་རྒྱུར་ཕྱག་ལས་ཧུར་ཐག་གནང་ཡོད།
 འདས་པའི་ལོ་ཟླའི་ནང་ངོས་གཉིས་འཛམ་གླིང་ས་ཕྱོགས་གང་སར་ཞི་བདེའི་འདུ་འཛོམས་འདྲ་མིན་ནང་མཉམ་ཞུགས་སྐབས་ངོས་ཀྱིས་ཁོང་ལན་མང་མཇལ་མྱོང་བ་མ་ཟད། ངོས་གཉིས་བར་འབྲེལ་བ་བཟང་པོ་ཡོད། མི་ཁལ་གོར་བྷ་ཆོབ་མཆོག་ནི་འཆར་སྣང་ལྡན་ཞིང་མིག་དཔེར་འོས་པའི་དབུ་ཁྲིད་ཅིག་རེད། ཁོང་བགྲེས་ཡོལ་ལ་ཕེབས་ཟིན་པའི་རྗེས་སུའང་འཛམ་གླིང་ནང་ཞི་བདེ་དར་སྤེལ་དང་བར་འདུམ་འགྲིགས་འཇགས་མུ་མཐུད་གནང་སྟེ་བཞུགས་ཡོད། ཁོང་གིས་དབུ་འཛུགས་གནང་བའི་འཛམ་གླིང་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་མི་སྣའི་ལྷན་ཚོགས་བརྒྱུད། ནོ་སྦེལ་གཟེངས་རྟགས་ཐོབ་མཁན་མི་སྣ་དང་འབྲེལ་ཡོད་ཚོགས་པ་རྣམས་མཉམ་འཛོམས་ཀྱིས་སྔར་ལས་ཞི་བདེ་ལྡན་པའི་འཛམ་གླིང་སྐྲུན་ཐབས་སུ་ཐུན་མོང་གི་བསམ་ཚུལ་འདོན་གྱི་ཡོད་པ་རེད། ཁོང་གིས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད། ཁོང་གིས་སེམས་སྐུལ་གནང་བ་ལྟར་ང་ཚོས་རང་དབང་ལྡན་ཞིང་དམག་འཁྲུག་མེད་པའི་འཛམ་གླིང་ཞིག་བསྐྲུན་པའི་ཐོག་ནས་ཁོང་གི་སྙིང་སྟོབས་གསོན་པོར་འཇོག་དགོས་པ་ཡིན། ཞེས་གསུངས་འདུག

དེ་བཞིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཨུ་རུ་སུའི་མང་ཚོགས་ཀྱིས་ལོ་མང་རིང་དཀའ་སྡུག་མྱངས་པའི་རྗེས་སུ། གྷོར་བྷ་ཆོབ་ཀྱིས་ཁ་ཙམ་མིན་པར་གུ་ཡངས་དང་བཅོས་བསྒྱུར། ཨུ་རུ་སུའི་མི་དམངས་མདུན་སྐྱོད་ཀྱི་ལམ་ཕྱོགས་སུ་ཁ་ལོ་བསྒྱུར་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་རེད་ཅེས་དང་། ཡུ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཨུར་སུ་ལ་ཝོན་ཌེར་ལེ་ཡེན་གྱིས། གྷོར་བྷ་ཆོབ་ལ་༡༩༩༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་མ་ཟད། ཁོང་གིས་ཡུ་རོབ་གླིང་ལ་རང་དབང་གི་སྒོ་མོ་ཕྱེ་པ་རེད་ཅེས་བསྔགས་བརྗོད་ཞུས། དབྱིན་ཇིའི་སྲིད་བློན་ཟུར་པ་བྷོ་རི་སི་ཇཱོན་སན་ནས། པུ་ཀྲེན་གྱིས་ཡུག་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པར་སྐྱོན་བརྗོད་དང་གྷོར་བྷ་ཆོབ་ཀྱིས་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་དེར་གུ་ཡངས་བཏང་ནས་ཕྱི་ལ་སྒོ་མོ་ཕྱེ་པ་ནི་ཀུན་གྱི་མིག་དཔེར་བལྟ་འོས་ཞེས་བརྗོད་འདུག
གྷོར་བྷ་ཆོབ་དམ་པ་དེའི་མཛད་རྗེས་ཆེ་ཤོས་ནི་ཨུ་རུ་སུ་དམར་ཤོག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བཅོས་བཏང་སྟེ་མང་གཙོའི་ཕྱོགས་སུ་བསྐྱོད། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་ཉུང་འཕྲིའི་གྲོས་མཐུན་བཞག་པ། འཇར་མན་ཤར་ནུབ་གཉིས་གཅིག་གྱུར་བྱེད་དུ་བཅུག་སྟེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གྲང་དམག་མཇུག་བསྒྲིལ་བ་སོགས་ཡིན་པ་རེད་འདུག
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ༡༩༨༩ ལོར་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་སྐབས་སུ། གྷོར་བྷ་ཆོབ་ཀྱིས་དྲག་གནོན་བྱ་རྒྱུར་འཛེམས་ཡོད་པ་དང་། དེ་ལ་བརྟེན་ནས་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་ཡོད་པའི་རྒྱལ་ཁབ་ཆུང་ཆུང་བཅོ་ལྔས་གཅིག་རྗེས་གཉིས་མཐུད་དུ་རང་བཙན་གསལ་བསྒྲགས་བྱས་ནས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ཁ་འཐོར་དུ་སོང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།