༧སྐུའི་གྱ་སྟོན་དུས་ཚེས་ལ་འགྱུར་བ་ཕྱིན་ཡོད།

མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༩ ལ་ཉིན་༧གོང་ས་མཆོག་གི་གྱ་སྟོན་དུས་ཚེས་ལ་འགྱུར་བ་སོང་སྟེ། ཕྱི་ལོ་༢༠༡༥ ཕྱི་ཟླ་༦ ཚེས་༢༡ ཉིན་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་སོང་།

གསལ་བསྒྲགས་དེའི་ནང་འཁོད་དོན། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས་༸ སྐུའི་འཁྲུངས་སྐར་དང་སྟབས་བསྟུན། ཕྱི་ལོ་༢༠༡༥ ཟླ་༧ ཚེས་༥།༦།༧ བཅས་ཉིན་གསུམ་རིང་མདོ་སྨད་ཆོལ་ཁས་༸སྐུའི་གྱ་སྟོན་གོ་སྒྲིག་ཞུ་རྒྱུའི་སྐོར་༸ གོང་ས་མཆོག་ལ་སྙན་སེང་བཀའ་ཁྲོལ་ཞུས་བསྩལ་བྱུང་དོན་ལྟར། ཕྱི་ལོ་༢༠༡༣ ཟླ་༤ ཚེས་༢༩ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་ཡང་། ཉེ་ཆར་༸མགོན་པོ་མཆོག་གི་མ་འོངས་མཛད་རིམ་ཁག་ལ་འགྱུར་བ་ཕྲན་བུ་མཛད་གནང་ཁོངས་མདོ་སྨད་ཀྱི་༸སྐུའི་གྱ་སྟོན་དེ་ཡང་བོད་ཟླའི་འཁྲུངས་ལྷ་ཡར་གསོའི་དུས་ཚེས་ལ་གྲ་སྒྲིག་ཡོང་བའི་བཀའ་བཟང་སྤྱི་ཕེབས་ལྟར། ཕྱི་ལོ་༢༠༡༥ བོད་ཟླ་༥ ཚེས་༥ ནི་ཕྱི་ལོ་༢༠༡༥ ཕྱི་ཟླ་༦ ཚེས་༢༡ ཉིན་འཁེལ་འདུག་པས། ཚེས་༢༡ ཉིན་༸སྐུའི་གྱ་སྟོན་བརྟན་བཞུགས་དང་། མཛད་ཐང་སྤྱན་འབུལ། མཛད་སྒོ་བཅས་དང་། ཚེས་༢༢ ཉིན་འགྲེམས་སྟོན་དང་བགྲོ་གླེང་། ཚེས་༢༣ ཉིན་མདོ་སྨད་ནང་ཁུལ་ལྷན་འཛོམས་བཅས་ཞུ་གཏན་འཁེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།