གནའ་རྫས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་རྒྱ་གར་ལ་ཉེན་ཁ།

ད་ཆར་རྒྱ་ནག་གིས་བོད་མཐོ་སྒང་དེ་ལོ་ངོ་སྟོང་ཕྲག་སྔོན་ནས་རྒྱ་ནག་གི་མངའ་ཁོངས་སུ་ཡིན་ཚུལ་དང་། རྒྱ་ནག་གི་གནའ་རྫས་རྟོག་ཞིབ་རིག་པས་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་སུ་ཡོད་པའི་ས་ཆ་མང་པོ་ཞིག་རྒྱ་ནག་གི་མངའ་ཁོངས་སུ་ཡིན་པ་བརྗོད་ཀྱི་ཡོད་འདུག

པར། (Firstpost)

ཕྱི་ཚེས་༢༧ རྒྱ་གར་གྱི་(Firstpost) ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(Jaishankar) ་གྱིས་ཕྱི་ལོ་༢༠༡༧ དང་༢༠༢༠ བཅས་ལོ་གསུམ་ནང་རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་གདོང་ཐུག་ཐེངས་གཉིས་བྱུང་ནས་རྒྱ་ནག་གི་དམག་མི་༤༠ དང་རྒྱ་གར་གྱི་དམག་མི་༢༠ བསད་ནས་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༢༡ དང་༢༠༢༢ བར་ལ་དྭགས་ས་མཚམས་སུ་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་ས་མཚམས་ནང་འཛུལ་ཐབས་ཐེངས་གཉིས་ཙམ་བྱས་པ་སོགས་ད་ལྟའི་ཆར་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་དེ་རྒྱུན་ལྡན་ཞིག་མིན་པའི་སྐོར་བརྗོད་ཡོད་འདུག

རྒྱ་གར་གྱི་དམག་སྤྱི་(Manoj Pande)ཡིས་བརྗོད་དོན་ལ། ཧིན་བོད་ས་མཚམས་སུ་གནས་སྟངས་ད་ལྟ་རྒྱུན་ལྡན་ལྟར་ཡིན་ཡང་། དོགས་ཟོན་བྱེད་དགོས་པ་བརྗོད་འདུག ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་མ་འོངས་པ་ས་མཚམས་ཀྱི་བདག་དབང་ཐོག་མཇུག་འབྲས་ངན་པ་ཞིག་ཡོང་རྒྱུ་ཡིན་པ་བརྗོད་འདུག རྒྱུ་མཚན་ནི་ད་ཆར་རྒྱ་ནག་གིས་ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་སུ་ཡིན་ཚུལ་བརྗོད་ནས་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཡོད་པའི་རྒྱ་གར་གྱི་ས་ཆ་མང་པོ་ཞིག་རྒྱ་ནག་གི་ཡིན་པ་རྒྱ་ནག་གོ་ལའི་དུས་བབ་ཅེས་པའི་གསར་ཤོག་ཐོག་བཀོད་འདུག རྩོམ་དེའི་ནང་བརྗོད་དོན་ལ། ཕྱི་ལོ་༢༠༡༩ ནས་༢༠༢༣ བར་ལོ་ལྔའི་རིང་གནའ་རྫས་རྟོག་ཞིབ་རིག་པ་བ་ཚོས་ལོ་རྒྱུས་ཉམས་ཞིབ་ཀྱི་ཆེད་དུ་ལས་འཆར་༨༠ ཙམ་སྤེལ་ཡོད་པ་དང། ཡུ་གུར་མི་རིགས་རང་སྐྱོང་ཁུལ་དང་། ནང་སོག་རང་སྐྱོང་ཁུལ། (Yunna) ཞིང་ཆེན་ཁུལ། བོད་རང་སྐྱོང་ལྗོངས་ཟེར་བ་སོགས་ནང་སྤེལ་ནས་དེ་དག་ནང་གནའ་རྫས་སོགས་རྙེད་ཚུལ་དང་། གནའ་སྔོན་མ་ནས་ས་ཁུལ་དེ་དག་རྒྱ་ནག་གི་མངའ་ཁུལ་ཡིན་ཚུལ་སོགས་བརྗོད་ཀྱི་ཡོད་འདུག ད་དུང་གོ་ལའི་དུས་བབ་གསར་ཤོག་ཐོག་བརྗོད་དོན་ལ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འདས་པའི་ལོ་ལྔའི་ནང་ལོ་རྒྱུས་ཉམས་ཞིབ་ཀྱི་ལས་འཆར་༡༠ ཙམ་སྤེལ་ཡོད་ཚུལ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། ནག་ཆུའི་ས་ཆ་(Nwya Devu) ་ཉ་དེའུ་ཟེར་བའི་ནང་གནའ་རྫས་སྔོག་འདོན་བྱེད་དུས་རྒྱ་མཚོ་ནས་བརྩིས་ན་མེ་ཊ་༤༦༠༠ སར་མི་གནས་ཡོད་པའི་གནའ་རྫས་རག་ཡོད་ཚུལ་དང་། ད་ལྟ་ནས་བརྩིས་པའི་ལོ་ངོ་༤༠༠༠༠ ནས་༣༠༠༠༠ སྔོན་ཙམ་ལ་ས་ཁུལ་དེ་དག་ནང་མི་ཡོད་པ་དཔང་རྟགས་རྙེད་ཡོད་ཚུལ་བརྗོད་འདུག ཉམས་ཞིབ་པས་མཐའ་བསྡོམ་བརྒྱབ་དོན་ལ། བོད་ནི་ལོ་ངོ་༣༠༠༠༠ སྔོན་ནས་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དཔང་རྟགས་རྙེད་ཡོད་པར་བརྟེན། ཕྱི་ལོ་༡༩༥༠ ནང་བོད་དེ་ཚུར་རྒྱ་ནག་ནང་བཙན་གྱིས་ལོག་བཅུག་ཡོད་པ་རེད་ཅེས་བརྗོད་ཡོད་འདུག དེ་བཞིན་བོད་མཐོ་སྒང་ཉམས་ཞིབ་སྟེ་གནས་ཁང་(Institute of Tibetan Plateau Research (ITP)་ཟེར་བ་དེ་ཡིས་བརྗོད་དོན་ལ། ལྷ་སའི་ཉེ་འཁོར་གྱི་ས་ཆ་(Sang Kar Gang) ཟངས་དཀར་སྒང་ཟེར་བའི་ནང་གནའ་རྫས་སྔོག་འདོན་བྱེད་དུས་ལོ་ངོ་༡༠༠༠ སྔོན་གྱི་གནའ་རྫས་རིགས་རྙེད་སོན་བྱུང་པ་རྣམས་ལ་གཞི་ན། མི་རྣམས་རྒྱ་ནག་ནས་བོད་ཀྱི་མཐོ་སྒང་ལ་གནས་སྤོ་ནས་གཞིས་ཆགས་ཡོད་པའི་དཔང་རྟགས་རྙེད་ཡོད་ཚུལ་བརྗོད་འདུག་ལ། གནའ་རྫས་དེ་དག་གིས་བོད་ནང་འགྲོ་བ་མིའི་འཕེལ་རིམ་ཐད་ལེགས་སྐྱེས་ཆེན་པོ་འབུལ་ཡོད་ཚུལ་བརྗོད་འདུག དེ་བཞིན་ནང་སོག་དང་ཡུ་གུ་རང་སྐྱོང་ཁུལ་དུ་ཡང་གནའ་རྫས་སྔོག་འདོན་བྱེད་དུས་གནའ་རྫས་རིག་པས་རྙེད་སོན་བྱུང་ནས་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དཔའ་རྟགས་རྙེད་ཡོད་ཚུལ་བརྗོད་འདུག

ཉེ་ཆར་རྒྱ་གར་གྱི་དུས་བབ་གསར་ཁང་གིས་བརྗོད་དོན་ལ་། ཨ་རིའི་(Research Reports )ཟེར་བའི་ཉམས་ཞིབ་དུས་དེབ་ཟེར་བའི་ཐོག་རྒྱ་གར་གྱི་མཐོ་སློབ་(Banaras Hindu University’s zoology department) ཡིས་ལ་དྭགས་ས་གནས་ཀྱི་མི་མང་༣༠༠༠ ཙམ་གྱི་རིགས་རྫས་ལ་ཉམས་ཞིབ་བྱས་ནས་འགྲུབ་དོན་གྱི་རྩོམ་ཞིག་བསྟན་ཡོད་པ་དང་།  ལ་དྭགས་མི་མང་བརྒྱ་ཆ་༦༠% ཙམ་རྒྱ་གར་དང་ནུབ་ཡུ་རོབ་ཁོངས་ཀྱི་མི་རིགས་ཡིན་པ་དང། བརྒྱ་ཆ་༤༠% དེ་བོད་པའི་མི་རིགས་ཡིན་པ་ལས་རྒྱ་མི་རིགས་མིན་པ་རྙེད་སོན་བྱུང་འདུག རྒྱ་གར་གྱི་གནའ་རྫས་རྟོག་ཞིབ་རིག་པའི་རུ་ཁག་ཁྲོད་སློབ་དཔོན (prof Gyaneshwar Chaubey )དང་ལ་དྭགས་ནས་ཡིན་པའི་འབུམ་རམས་པ་ཚེ་རིང་ནོར་བུ། བསོད་ནམས་སི་དཔལ་འཛིན་སོགས་གནའ་རྫས་རྟོག་ཞིབ་རིག་པ་མང་པོ་ཡོད་འདུག རྒྱ་གར་གྱི་ཉམས་པ་ཚོས་བསྡོམ་བརྒྱབ་དོན་ལ་། ལ་དྭགས་ཁུལ་གྱི་མི་རིགས་རྣམས་ནི་རྒྱ་མི་དང་ཧ་ཅང་ལོགས་སུ་མི་རིགས་ཤིག་ཡིན་པ་རྙེད་སོན་བྱུང་ཡོད་པ་བརྗོད་འདུག་ལ། ལ་དྭགས་ས་ཁུལ་དུ་མི་རིགས་འདྲ་མིན་གྱི་རིགས་བརྒྱུད་ཡོད་པ་རྙེན་སོན་བྱུང་ཡོད་པ་བརྗོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།