ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་ཉན་ཞིབ་དགོས་པའི་གསལ་བསྒྲགས།
ཟླ་འདིའི་ཚེས་༡༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་༡༡ ལ་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་བཀོད་ཁྱབ་བཏང་རྗེས། སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་གྱིས་“ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་” ཞེས་རྩོམ་ཡིག་ཅིག་བྲིས་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་དགོས་པའི་གསལ་བསྒྲགས་བྱས་འདུག
༢༠༢༠ ཟླ་༩ ཚེས་༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་། “སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༥ [ཁ] ཆ་རྐྱེན་འོག་ཉན་ཞིབ་ཀྱི་གསལ་བསྒྲགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་དུས་བབ་དྲ་རྒྱའི་སྟེང་། ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་ཞེས་རྩོམ་ཡིག་ཅིག་འབྲི་འགོད་བྱས་པ་དེའི་ནང་དོན་ཁག་སྤྱི་མང་ཁྲིམས་ཡིག་ དོན་ཚན་ ༨༤ [ཁ] ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་སླད། སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༤ [ཁ] གཞིར་བཟུང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ ཉིན་ཕྱི་དྲོའི་ཆུ་ཚོད་ ༢་༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་འདུག་པའི་གསལ་བསྒྲགས་སུ་”ཞེས་སྤེལ་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།