བོད་ཀྱི་མཛངས་མ་འགྲན་སྡུར་ཕར་འགྱངས་བྱས་འདུག

བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་གསལ་བསྒྲགས་སྤེལ་དོན་ལ། ཏོག་དབྱིབས་ནད་ཡམས་རྐྱེན་པས། འདི་ལོའི་ཟླ་༦ པའི་ཚེས་༥ ནས་༧ བར་རྡ་ས་མེག་གྷན་དུ་གོ་སྒྲིག་བྱེད་འཆར་ཡོད་པའི་བོད་ཀྱི་མཛངས་མ་འགྲན་སྡུར་ཐེངས་༡༨ པ་དེ། ལོ་གཅིག་རིང་ཕར་འགྱངས་བྱས་ཏེ་ཕྱི་ལོ་༢༠༢༡ ལོའི་ཟླ་༦ པའི་ཚེས་༤ ནས་༦ བར་རྡ་ས་མེག་གྷན་དུ་གོ་སྒྲིག་བྱེད་རྒྱུ་རེད་འདུག

དེ་ཡང་འདི་ལོར་འགྲན་སྡུར་ལ་མཉམ་ཞུགས་བྱེད་མཁན་ཚོར། འདི་ལོའི་ཟླ་༡༢ པའི་ནང་བསྐྱར་དུ་དེབ་སྐྱེལ་བྱེད་དགོས་པའི་བརྡ་ལན་སྤྲད་ཟིན་འདུག

ལོ་སྔོན་མར་བོད་ཀྱི་མཛངས་མ་འགྲན་སྡུར་ལ་དེབ་སྐྱེལ་བྱེད་མཁན་གཅིག་ཀྱང་བྱུང་མེད་པས། འགྲན་སྡུར་གོ་སྒྲིག་བྱེད་ཐུབ་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།