བོད་ནང་ས་ཡོམ་བརྒྱབ་འདུག
རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༥ ཉིན་གྱི་ཞོགས་པར་བོད་དུ་ས་ཡོམ་ཚད་རིམ་༥.༣ ཅན་ཞིག་བརྒྱབ་འདུག
ས་ཡོམ་གྱི་ལྟེ་གནས་ནག་ཆུ་ཁུལ་གྱི་གཉན་རོང་རྫོང་ལ་གཏིང་ཚད་ཀི་ལོ་མི་ཊར་༥ ཅན་ཞིག་བརྒྱབ་ཡོད་འདུག་པ་དང་། ད་ལྟའི་ཆར་མི་ཤི་སོགས་ཀྱི་གོད་ཆག་གི་གནས་ཚུལ་གང་ཡང་ཐོན་མེད་པ་རེད་འདུག
ཆབ་མདོ་དང་གཉན་རོང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱིས། ས་ཡོམ་དེ་སྐར་ཆ་ཁ་ཤས་རིང་བརྒྱབ་ཡོད་པས། མི་དང་ཟོག་གི་གོད་ཆག་གནས་ཚུལ་ཐོན་མེད་སྐོར་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།