རྣམ་དཔྱོད་ལྡན་པའི་བོད་མིའི་འོས་ཀྱི་དྲྭ་ཐོག་གི་ཐབས་ལམ།
ཁྱེད་རང་གི་འོས་མི་མཁྱེན་པ་གནང་ །
ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༢ ཚེས་ ༡༨ ལ་ཛུ་རིཀ་ནས། | རྣམ་དཔྱོད་ལྡན་པའི་བོད་མིའི་འོ ས་ནི་དྲྭ་ཐོག་ནས་གསར་གཏོད་ཀྱི་ ཐབས་ལམ་བརྒྱུད་འོས་འཕེན་པ་ཚོར་ གནས་ཚུལ་ཤེས་པའི་སྒོ་ནས་འོས་བསྡུ འི་ཉིན་མོར་སོ་སོའི་འོས་འཕེན་རྒྱུ ར་རོགས་ཕན་ཡོང་ཆེད་དུ་གསར་བཟོ་ ཞུས་པ་ཞིག་ཡིན། དྲྭ་རྒྱ་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༨ ཉིན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། ད་བར་དུ་སྲིད་སྐྱོང་འོས་མི་ ༣ དང་སྤྱི་འཐུས་འོས་མི་ ༣༠ ནས་ལས་འཆར་དེའི་ནང་མཉམ་ཞུགས་ གནང་ཡོད་པ་དང་། ད་དུང་འོས་མི་མང་དུ་འགྲོ་བཞིན་ པ་ལྟར་འོས་མི་གང་མང་ནས་མཉམ་ཞུ གས་གནང་རྒྱུར་འོས་བསྡུ་ཆེན་མོ་ མ་སླེབས་བར་དུ་གོ་སྐབས་ཡོད་པས་ དེ་དོན་དགོངས་འཇགས་ཡོང་བ་ཞུ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོ ས་ཀྱི་དྲྭ་རྒྱ་ (www.smartvote-tibet.org) འདི་བཞིན་དེ་སྔ་ཕྱི་ལོ་ ༢༠༠༨ ནས་ ༢༠༡༡ བར་ kalontripa.com ཞེས་པའི་མ་བསྐུལ་དང་བླང་གིས་བཟོ ས་པའི་དྲྭ་རྒྱའི་ལས་འཆར་ཞིག་ཡོ ད་པ་དེ་ལ་གཞི་བཞག་སྟེ་བཟོ་སྒྲི ག་བཀོད་བྱུས་བྱས་པ་ཞིག་ཡིན། འོན་ཀྱང་ད་རེས་ང་ཚོས་བཟོས་པ་འདི ་གོང་གི་དྲྭ་རྒྱ་འདི་དང་མི་འདྲ་ བར་སྲིད་སྐྱོང་དང་སྤྱི་འཐུས་ཀྱི ་འོས་སུ་བཞེངས་མཁན་ཚོ་དང་ལྷན་དུ ་ཕན་ཚུན་བགྲོ་གླེང་སྦྱང་བཤད་བྱེ ད་རྒྱུའི་གོ་སྐབས་འཕར་མ་ཞིག་བསྐྲུ ན་ཐབས་འབད་བརྩོན་ཞུ་བཞིན་ཡོད། ད་རེས་ཐེངས་དང་པོར་བོད་མིའི་འོ ས་བསྡུ་ཆེན་མོའི་ནང་འོས་འཕེན་པ་ ཚོའི་ངོས་ནས་འོས་མི་སོ་སོའི་སྤྱི ་ཡོངས་ཀྱི་ངོ་སྤྲོད་གནས་ཚུལ་དང་ ། འོས་མི་རྣམས་ལ་སོ་སོའི་ཆབ་སྲིད་ ཀྱི་ལངས་ཕྱོགས་ལ་གཞི་བཞག་པ། གནད་དོན་དང་འབྲེལ་བའི་ཐོག་དོན་ དངོས་ཀྱི་བགྲོ་གླེང་ཡོད་པ། དེ་བཞིན་ཕྱི་གསལ་ནང་གསལ་གྱི་སྒོ ་ནས་ངེས་པ་རྙེད་པའི་ཐོག་ནས་འོས་ འཕེན་རྒྱུའི་གོ་སྐབས་ཤིག་བསྐྲུ ན་གྱི་ཡོད། དྲྭ་རྒྱ་དེ་བོད་ཡིག་དང་དབྱིན་ཡི ག་གཉིས་ཀའི་ཐོག་གཟིགས་རྒྱུ་ཡོད།
མང་གཙོའི་ལས་འཆར་དེ་འགོ་འཛུགས་ མཁན་གྱི་ཚོགས་མིའི་གྲས་ཡིན་པ་རྙི ང་མདའ་ཚང་ཡེ་ཤེས་ལགས་ཀྱིས། “ད་བར་ལོ་གཅིག་མིན་ཙམ་སོང་བའི་ རྗེས་བོད་མི་འོས་འཕེན་པ་ཚོར་དྲྭ ་ལམ་བརྒྱུད་ནས་དཔྱད་བསྡུར་ཞུས་ པའི་ཐོག་ནས་འོས་འཕེན་རྒྱུའི་གོ་ སྐབས་ཞིག་བསྐྲུན་ཐུབ་པར་ཤིན་ཏུ་ ནས་དགའ་པོ་བྱུང་།” ཞེས་སེམས་དགའ་པོའི་ཐོག་ནས་བརྗོ ད་ཡོད།
རྣམ་དཔྱོད་ལྡན་པའི་བོད་མིའི་འོ ས་ཀྱི་ལས་འཆར་ཐོག་ལས་ཀ་བྱེད་ མཁན་ཚོས་ད་རེས་འོས་བསྡུའི་ནང་ བཞེངས་མཁན་འོས་མི་ ༡༡༠ ལ་ཐད་ཀར་འབྲེལ་བ་ཞུས་པ་དང་། འོས་མི་རྣམས་ལ་དྲི་བ་མི་འདྲ་བ་ ཁག་ ༣༧ ཕུལ་ནས་དྲི་བ་དེ་རྣམས་ལ་ལན་འདེ བས་གནང་བའི་སྒོ་ནས་མཉམ་ཞུགས་ཡོ ང་བའི་རེ་བསྐུལ་ཞུས་ཡོད།
རྣམ་དཔྱོད་ལྡན་པའི་བོད་མིའི་འོ ས་ཀྱི་ལས་འཆར་འདིའི་ཐོག་ཕྱག་ལས་ གནང་མཁན་བཀྲས་མཐོང་དབང་པོ་ལགས་ ཀྱིས། “སྲིད་སྐྱོང་དང་སྤྱི་འཐུས་ཀྱི་ འོས་མིར་བཞེངས་མཁན་མང་པོ་ཞིག་ ནས་ལེགས་བཅོས་ཀྱི་བསམ་འཆར་མང་པོ ་གནང་འབྱོར་བྱུང་། མང་གཙོ་ལག་བསྟར་བྱེད་པའི་བརྒྱུ ད་རིམ་ནང་བོད་མི་གང་མང་ནས་གོ་སྐ བས་ཇི་ཐུབ་ལེན་པའི་རེ་བ་བྱེད་ བཞིན་ཡོད།” ཅེས་རེ་བ་ཆེན་པོའི་སྒོ་ནས་གསུ ངས་ཡོད།
དྲི་བ་ ༣༧ དེ་དག་གི་ནང་གནད་དོན་རྒྱ་ཆེན་པོ ་དང་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོ གས་འདྲ་མིན་ཐད་བཏང་སྙོམས་རྒྱུན་ འཛིན་བྱས་ཐོག་འཛམ་གླིང་ཁྱོན་ཡོ ངས་སུ་གནས་འཁོད་བོད་མི་གང་མང་ཚུ ད་ཐབས་དང་མཉམ་ཞུགས་ཡོང་རྒྱུར་རེ ་སྐུལ་ཞུས་ཡོད། དྲི་བ་དེ་དག་ཐེངས་འགའ་ཤས་ལེགས་ བཅོས་དང་བསྐྱར་སྒྲིག་བྱས་པ་དང་། ཚན་རྩལ་རིག་པའི་དྲྭ་བའི་དངོས་ ཆས་པོ་ལི་ཊུལ་སི། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་ གནད་ཡོད་མི་སྣ་ཚུད་པའི་སློབ་སྟོ ན་ཚོགས་ཆུང་གིས་ངོས་ནས་ཀྱང་ལེ གས་བཅོས་དགོངས་འཆར་བསྡུ་ལེན་ཞུ ས་ཡོད།
རེས་གཟའ་པ་སངས་ཉིན་ནས་འོས་འཕེན་ པ་རྣམས་ནས་དྲྭ་རྒྱ་དེར་གཟིགས་ཐུ བ་པ་དང་། དྲི་བ་ཁག་ ༣༧ དེ་དག་ལ་སོ་སོའི་ལན་འདེབས་ཁག་བྱ ས་པའི་ཐོག་ནས་མཐའ་མ་དེར་ལན་འདེ བས་ལ་གཞིགས་ཏེ་འོས་འཕེན་པ་ཚོར་ སོ་སོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ དང་མཐུན་ཤོས་ཀྱི་འོས་མིའི་ཐོ་ གཞུང་ཞིག་འབྱོར་གྱི་རེད། རྣམ་དཔྱོད་ལྡན་པའི་བོད་མིའི་འོ ས་ཀྱི་སྡིངས་ཆ་འདི་བཞིན་སྔོན་ འགྲོའི་འོས་བསྡུ་ནས་འགོ་བཙུགས་ ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ བར་གྱི་མཐའ་མའི་འོས་བསྡུའི་ལས་ རིམ་མཇུག་མ་བསྒྲིལ་བར་བཀོལ་སྤྱོ ད་བྱེད་ཐུབ།
རྣམ་དཔྱོད་ལྡན་པའི་བོད་མིའི་འོ ས་ནི་ “མང་གཙོའི་ལས་འཆར་” ཞེས་པ་དང་མཉམ་ལས་ཀྱིས་གསར་གཏོད་ ཞུས་པ་ཞིག་ཡིན། སྡིངས་ཆ་འདི་ནི་ཐོག་མར་ཕྱི་ལོ་ ༢༠༠༣ ལོར་སུད་སི་ནང་གི་པོ་ལི་ཊུལ་སི་ ཡིས་བཟོ་སྐྲུན་བྱས་པའི་རྣམ་དཔྱོ ད་ལྡན་པའི་འོས་བསྡུའི་བྱ་རིམ་ འདི་བཞིན་ང་ཚོའི་གནས་སྟངས་ལ་རན་ པའི་སྒོ་ནས་བཅོས་སྒྲིག་བྱས་པ་ཞི ག་ཡིན་པ་དང་། རྣམ་དཔྱོད་ལྡན་པའི་འོས་བསྡུའི་ བྱེད་བབ་འདིའི་ཐོག་ནས་སུད་སི་ ནང་གི་མངའ་སྡེ་དང་རྒྱལ་ཡོངས་འོ ས་བསྡུའི་ཐོག་ལག་བསྟར་བྱས་ཡོད། དེ་བཞིན་ཨོ་སི་ཀྲོ་ལི་ཡ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་ཁྱོན་ཡོངས་ ཀྱི་འོས་བསྡུ་བྱེད་པར་ཡང་ལག་བསྟ ར་བྱས་ཡོད།
གསར་འགོད་པས་འབྲེལ་གཏུགས་གནང་ཡུ ལ།
Wangpo Tethong: +41 78 744 30 10
Dechen Pemba: +44 7402 185323