དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་དགོངས་ཞུ།
ཟླ་འདིའི་ཚེས་༡༧ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གྱི་ལས་གནས་ནས་གནད་དོན་གསུམ་གྱི་ཐོག་ནས་དགོངས་པ་ཞུས་ཡོད་པ་རེད།
དེ་ཡང་ཁོང་གིས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་གཙོས་དབུས་རྒྱུན་གྱི་མིང་ཐོག་སྙན་ཞུ་ཞིག་བཏང་ཡོད་པའི་ནང་འཁོད་དོན། ༡༽ དབུ་མའི་ལམ་གྱི་ལྟ་གྲུབ་དང་ལངས་ཕྱོགས་ལ་འགྱུར་བ་མེད་ན་ཡང་། དབུ་མའི་ལམ་གྱི་འགན་འཛིན་མིང་ཐོག་ནས་དམིགས་བསལ་དོན་འབྲས་ལྡན་པའི་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མི་འདུག
༢༽ ཕྲན་མོན་གྷོ་འདོད་རྒུ་གླིང་གི་རང་བདེན་ཚོགས་ཆུང་གི་ཚོགས་གཙོའི་ལས་ཀ་དང་ས་གནས་འཐུས་ཚོགས་ཀྱི་ལས་འགན ལྷག་པར་དུ་རི་བོ་དགེ་ལྡན་པའི་དགེ་ལུགས་རྒྱུག་སྤྲོད་ཆེན་མོར་འགྲོ་བཞིན་པ་བཅས་ཀྱི་གནས་སྟངས་ལ་བརྟེན་ནས། ཕྱོགས་ཕན་ཚུན་ཀུན་དུ་འཐུས་ཤོར་འགྲོ་གཞི་ལས་མེད་པར་མངོན།
༣༽ དབུ་མའི་ལམ་གྱི་ལྟ་གྲུབ་གཞིར་བཟུང་ཐོགས་ནང་ཁུལ་ལྟ་གྲུབ་དང་ལངས་ཕྱོགས་མཐུན་མིན་ལ་མ་ལྟོས་པར། རྩ་དོན་འཐབ་རྩོད་ཀྱི་དགོས་མཁོའི་ཆེད་འཆའ་མཐུན་དང་ཆིག་སྒྲིལ་ཡོང་ཐབས་སུ་འབད་རྩོན་བྱ་རྒྱུ་ནི་རྩ་དོན་འཐབ་རྩོད་ཀྱི་མ་རྩ་ཞིག་ལ་ངོས་འཛིན་བྱས་པའི་ཐོག་ལས་ཀར་འབད་རྩོན་བྱས་པ་ཡིན་ཡང་། ད་ཕན་འབྲས་བུ་དེ་ཙམ་ཐོན་གྱི་མེད་པར་སོང། ཕྲན་ལས་གནས་ནས་དགོངས་པ་ཞུ་རྒྱུར་ཐག་བཅད་པ་ཡིན།
གཞན་ཡང་ཉེ་ཆར་༢༠༡༦. ༧.ནང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཐོག་ཕྲན་བཅར་ཐུབ་མེད་པ་དང་། མ་འོངས་པ་ཚོགས་ཆེན་ལའང་བཅར་ཐུབ་ཀྱི་མེད་པ་བཅས་ཀྱི་ལས་དོན་འཐུས་ཤོར་འགྲོ་ཡི་ཡོད་པར་སོང་། འགན་འཛིན་གྱི་མིང་སྟོང་ཁུར་ནས་སྡོད་རྒྱུར་དེ་ཙམ་སྤྲོ་བ་མེད་ཅེས་འཁོད་ཡོད་པ་རེད།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།