ཧོ་ཏེ་དྲག་པོའི་དཔུང་ཚོགས་དང་ཡེ་མེན་རྒྱལ་ཁབ་ནང་གི་རྩོད་རྙོག

Wion)གསར་ཁང་གི་པར།

ཨི་སེ་རེལ་གྱིས་གྷ་ཛའི་ནང་རྒོལ་རྡུང་གཏོང་བཞིན་པ་དེ་འགོག་ཐབས་ཆེད་དུ་དཀྱིལ་ཤར་ཡུལ་གྲུ་ཁག་ནས་ཁ་ཆེའི་དྲག་སྤྱོད་པ་ཚོས་ལས་འགུལ་སྤེལ་བཞིན་ཡོད་འདུག་པ་དང་། ཉེ་ཆར་ཟླ་བ་གཅིག་ཙམ་སྔོན་ལ་མཚོ་དམར་པོའི་མངའ་ཁུལ་དུ་ཨ་རིའི་དངོས་ཟོག་དབོར་འདྲེན་བྱེད་མཁན་གྲུ་གཟིངས་ཤིག་ལ་མི་མེད་གནམ་གྲུ་ཡིས་གཏོར་རྒོལ་བཏང་རྗེས་མངལ་ཁུལ་དེའི་ནང་ད་ཆར་དམག་འཁྲུག་ཆེན་པོ་ཡོང་ཉེན་ཡོད་འདུག 

རྒྱུ་མཚན་ནི་ཨ་རི་དང་དབྱིན་ཡུལ་གཉིས་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་དག་གིས་ཡེ་མེན་ནང་ཡོད་པའི་ཧོ་ཏེ་དྲག་པོའི་དཔུང་ཚོགས་ལ་རྒོལ་རྡུང་དྲག་པོ་བཏང་བས་རེད། 

ཕྱི་ཚེས་༡༧ རྒྱ་གར་གྱི་(Wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དཀྱིལ་ཤར་ཡུལ་གྲུའི་ཡེ་མེན་རྒྱལ་ཁབ་ནང་དྲག་པོའི་དཔུང་ཚོགས་ཧོ་ཏེ་ཟེར་བ་ཞིག་གིས་ཨི་སེ་རེལ་གྱིས་གྷ་ཛའི་ནང་དམག་འཁྲུག་རྒྱག་བཞིན་པ་དེ་ལ་ངོ་རྒོལ་ཆེད་དུ་མཚོ་དམར་པོའི་བརྒྱུད་ནས་དངོས་ཟོག་དབོར་འདྲེན་བྱེད་མཁན་གྱི་གྲུ་གཟིངས་རྣམས་ལ་གཏོར་རྒོལ་དང་བཀག་འགོག་བྱེད་ཀྱི་ཡོད་འདུག ཧོ་ཏེ་ཟེར་བའི་དྲག་པོའི་དཔུང་ཚོགས་དེ་མངའ་ཁུལ་དེའི་ནང་རྩོད་རྙོག་བཟོ་མཁན་གཙོ་བོ་ཞིག་ཡིན་འདུག་ལ། དེ་སྔོན་ཨ་རིའི་གྲུ་གཟིངས་ལ་གཏོར་རྒོལ་གཏོང་མཁན་ཡང་དེ་ཡིན་འདུག ཁོང་ཚོའི་དམིགས་ཡུལ་གཙོ་བོ་ནི་ཨི་སེ་རེལ་གྱིས་གྷ་ཛའི་ནང་དམག་འཁྲུག་མཚམས་འཇོག་བྱེད་དགོས་པའི་རེ་འདུན་འདོན་གྱི་ཡོད་འདུག
རྒྱ་གར་གྱི་( Firstpost)གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཧོ་ཏེ་ཟེར་བའི་དྲག་པོའི་དཔུང་ཚོགས་དེ་ཕྱི་ལོ་༡༩༩༠ ནང་གསར་འཛུགས་བྱས་པའི་དྲག་པོའི་དཔུང་ཚོགས་ཤིག་ཡིན་འདུག་པ་དང་། ཐོག་མར་དྲག་པོའི་དཔུང་ཚོགས་དེའི་མིང་ལ་ཨན་སར་ཨ་ལཱ(Ansar Allah)་དཀོན་མཆོག་གི་རྒྱབ་སྐྱོར་བ་ཟེར་གྱི་ཡོད་འདུག ཁོང་ཚོ་ནི་ཡེ་མེན་རྒྱལ་ཁབ་ནང་ཡོད་པའི་ཁ་ཆེའི་ཆོས་ལུགས་ཁྲོད་ཤེ་ཡ་(Shia )དང་(Sunni)་སོ་ནེ་ཟེར་བ་གཉིས་ཡོད་པའི་ནང་ནས། ཤེ་ཡའི་ཆོས་ལུགས་སུ་གཏོགས་པའི་གྲངས་ཉུང་མི་རིགས་ཤིག་ཡིན་འདུག སྤྱིར་བཏང་ཁ་ཆེའི་ཆོས་ལུགས་ཁྲོད་ཤེ་ཡའི་ཆོས་ལུགས་དེ་གྲངས་ཉུང་མི་རིགས་ཡིན་འདུག་པ་དང་། དེའི་ཁྲོད་ནས་ཧོ་ཏེ་ཟེར་བའི་དྲག་པོའི་དཔུང་ཚོགས་དེ་ཤེ་ཡའི་ཆོས་ལུགས་ཡིན་པ་གང་ཞིག་ལ། ཡེ་མེན་རྒྱལ་ཁབ་ནང་ཡོད་པའི་ཤེ་ཡའི་ཆོས་ལུགས་ཁྲོད་ཀྱི་རྫ་ཏེ་སི་(Zaidis)ཟེར་བའི་ཆོས་ལུགས་ཀྱི་རྗེས་སུ་འབྲང་མཁན་གྱི་གྲངས་ཉུང་མི་རིགས་ཤིག་ཡིན་འདུག

ཧོ་ཏེ་དྲག་དཔུང་འཛུགས་མཁན་Hussein badr Din Al Houthཟེར་བ། Firstpost)གསར་ཁང་གི་པར།

ཕྱི་ལོ་༡༩༩༠ སྔོན་ཙམ་ལ་ཡེ་མེན་རྒྱལ་ཁབ་དེ་(All Aboullah Saleh)ཟེར་བའི་དམག་མི་ཟུར་པ་ཞིག་གིས་ལོ་ངོ་༣༠ ཙམ་གྱི་རིང་ལ་གཅིག་བསྡུའི་དབང་འཛིན་བྱས་ནས་སྡོད་སྐབས་།  ཡེ་མེན་ནང་སོ་ནེ་ཁ་ཆེའི་ཆོས་ལུགས་ནང་(Wahhabism)་ཟེར་བའི་ཆོས་ལུགས་དེའི་རྗེས་འབྲང་པ་རྣམས་ཡེ་མེན་ནང་གྲངས་མང་དུ་གྱུར་ནས། ཆོས་ལུགས་དེ་དར་ཁྱབ་ཆེན་པོ་ཆགས་པར་བརྟེན།  རྫ་ཏེ་སི་(Zaidis)ཟེར་བའི་ཆོས་ལུགས་རྗེས་འབྲང་པ་རྣམས་རྩ་མེད་གཏོང་ས་རེད་སྙམ་ནས། དེ་འགོག་རྒོལ་ཆེད་དུ་ཐོག་མར་(Hussein badr Din Al  Houthi)ཟེར་བའི་མི་ཞིག་གིས་(Allah Party)ཨ་ལཱ་སྲིད་དོན་ཚོགས་པ་ཟེར་བ་ཞིག་བཙུགས་ནས་གཙོ་བོ་ཁོང་ཚོའི་(Zaidis)ཟེར་བའི་ཆོས་ལུགས་དེ་རྒྱུན་འཛིན་བྱེད་ཆེད་དུ་ཡིན་འདུག   ལོ་ངོ་༣༠ རིང་གཅིག་བསྡུའི་དབང་འཛིན་བྱེད་མཁན་(All Aboullah Saleh)ཟེར་བ་དེ་དང་ཨ་རི་གཉིས་མཐུན་པོ་ཆགས་ནས། ཨ་རིས་ཁོང་ལ་ཨ་སྒོར་ཕོན་ཆེན་སྤྲད་ཡོད་འདུག ཨ་རི་ཡིས་ཨེ་རག་ནང་ཕྱི་ལོ་༢༠༠༠ ཙམ་ལ་དམག་འཁྲུག་བརྒྱབས་པ་དག་ལ་ཁོས་རྒྱབ་སྐྱོར་བྱས་ཡོད་འདུག འོན་ཀྱང་། (Zaidis)རྫ་ཏེ་རྗེས་འབྲང་པ་རྣམས་ཀྱིས་ཨ་རི་དང་ཨི་སེ་རེལ་གཉིས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པར་བརྟེན། ཁོང་གཉིས་བར་འགལ་ཟླ་ཆགས་ནས་(All Aboullah Saleh)ཟེར་བའི་དཔོན་པོ་དེ་ཡིས་(Zaidis)་རྫ་ཏེའི་རྗེ་འབྲང་པ་རྣམས་ལ་རྡུང་རྡེག་བྱེད་རྒྱུ་དྲིལ་བསྒྲགས་བྱས་ཡོད་འདུག རྩོད་རྙོག་དེའི་ཁྲོད་དུ་(Zaidis)་རྫ་ཏེའི་འགོ་དཔོན་(Hussein badr Din Al  Houthi)ཟེར་བ་དེ་བསད་ཡོད་ཅིང་། དུས་དེ་ནས་བཟུང་(Zaidis)་རྫ་ཏེ་ཟེར་བ་དེ་མིང་བསྒྱུར་ནས་(Houthi)ཟེར་བའི་མིང་དེ་བཏགས་ནས་ཕྱོགས་གཉིས་ཀྱི་བར་རྩོད་རྙོག་ཆེན་པོ་ཆགས་ནས་ནང་འཁྲུག་ཆེན་པོ་རྒྱག་བཞིན་ཡོད་འདུག ཧོ་ཏེའི་དྲག་པོའི་དམག་གི་རྟེན་གཞི་ནི་ཡེ་མེན་བྱང་རྒྱུད་དུ་ཡོད་འདུག་པ་དང་། ཕྱིས་སུ་ཧོ་ཏེ་དང་ཨེ་རན་གཉིས་བར་འབྲེལ་བ་ཡག་པོ་ཆགས་ནས་ཧོ་ཏེ་ལ་ཨེ་རན་གྱིས་ལག་ཆ་དང་རྡོ་སྣུམ་གྱི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་ཨེ་རན་ནི་ཤེ་ཡའི་ཆོས་ལུགས་ཀྱི་རྗེས་འབྲང་པ་མང་ཤོས་ཤིག་ཡིན་འདུག 

ད་ཆར་ཧོ་ཏེ་དྲག་པོའི་དཔུང་ཚོགས་ཀྱིས་ཡེ་མེན་ནང་མངའ་ཁུལ་ཆེན་པོ་བཙན་བཟུང་བྱས་ཡོད་འདུག་པ་དང་། ཁོང་ཚོའི་དམིགས་ཡུལ་ནི་ཡེ་མེན་རྒྱལ་ཁབ་བཙན་བཟུང་བྱས་ནས་(Zaidis)་རྫ་ཏེ་ཟེར་བའི་ཆོས་ལུགས་དེ་དར་སྤེལ་གཏོང་རྒྱུ་དང་། ཨ་རི་དང་ཨི་སེ་རེལ་ལ་ཁ་གཏད་གཅོག་རྒྱུ་དེ་ཡིན་འདུག་པ་དང་། ད་ཆར་ཨ་རིས་ཧོ་ཏེ་ཟེར་བ་དེ་དྲག་སྤྱོད་པའི་ཚོགས་པ་ཡིན་པར་རྗོད་ཀྱི་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།