ངའི་མི་ཚེ་ཕ་ཡུལ་དུ་སྐྱེལ་རྒྱུ་བྱུང་མེད་ཀྱང་ཤི་རྗེས་ཕུང་པོ་ཕ་ཡུལ་གྱི་ས་ཐོག་ཏུ་སྦས་རྒྱུ་ཡིན་ཞེས་བརྗོད་ནས་བྱང་ཀོ་རི་ཡ་ལ་ལོག་འདུག

ཕྱི་ལོ་༡༩༥༠ ནང་ཀོ་རི་ཡའི་དམར་ཤོག་དང་དམངས་གཙོའི་ལྟ་གྲུབ་ཀྱི་ཤོག་ཁག་གཉིས་བར་རྩོད་རྙོག་བྱུང་ནས་ཀོ་རི་ཡ་ལྷོ་བྱང་ཕྱོགས་གཉིས་སུ་ཁ་གྱེས་ཤིང་། དུས་དེ་ནས་བཟུང་ལྷོ་བྱང་ཀོ་རི་གཉིས་བར་མི་མཐུན་པའི་གནད་དོན་ཡང་ཡང་བྱུང་། ལྷོ་ཀོ་རི་ཡ་ལ་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། བྱང་ཀོ་རི་ཡ་ལ་རྒྱ་ནག་གཙོས་པའི་ཨུ་རུ་སུ་དང་ཨི་རན་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ལྷོ་བྱང་ཀོ་རི་ཡ་གཉིས་བར་འཆམ་མཐུན་ཞིག་གཏན་ནས་ཡོང་ཐུབ་ཀྱི་མེད་པར། དམག་འཁྲུག་སྐབས་སུ་ཕྱོགས་སོ་སོ་ནས་དམག་མི་མང་པོ་ཞིག་འཛིན་བཟུང་བྱས་ཏེ་མི་ལོ་མང་པོའི་རིང་བཙོན་འཇུག་གིས་དཀའ་སྡུག་ཚད་མྱོང་ཡོད་འདུག་པར་བརྟེན། (Ahn Hak-sop)ཟེར་བའི་བྱང་ཀོ་རི་ཡའི་དམག་མི་ཟུར་པ་ད་ལྟ་ལོ་ན་༩༥ ཡིན་པ་ཞིག་ལྷོ་ཀོ་རུ་ཡ་ནས་རང་གི་ཕ་ཡུལ་དུ་ལོག་འདུག ཁོང་གིས་ངའི་མི་ཚེ་རང་གི་ཕ་ཡུལ་དུ་སྐྱེལ་རྒྱུ་བྱུང་མེད་ཀྱང་ཤི་རྗེས་ཕུང་པོ་ཕ་ཡུལ་གྱི་ས་ཐོག་ཏུ་སྦས་རྒྱུ་ཡིན་ཞེས་བརྗོད་ནས་བྱང་ཀོ་རི་ཡ་ལ་ལོག་འདུག

ཕྱི་ཚེས་༢༢ ཉིན་བྷི་བྷི་སི་གསར་ཁང་གིས་བྱང་ཀོ་རི་ཡའི་དམག་མི་ཟུར་པ་ཞིག་དང་འབྲེལ་བའི་གནས་ཚུལ་སྤེལ་དོན། ད་ལྟ་ལོ་ན་༩༥ ཡིན་པའི་(Ahn Hak-sop)ཟེར་བ་ཁོང་མི་ལོ་༤༢ རིང་ལྷོ་ཀོ་རི་ཡའི་བཙོན་ཁང་དུ་བསྡད་ནས་མཐར་བྱང་ཀོ་རི་ཡ་ལ་ལོག་ཡོད་འདུག ཕྱི་ལོ་༡༩༤༠ དང་༡༩༥༠ ནང་ཀོ་རི་ཡའི་ནང་དམར་ཤོག་དང་དམངས་གཙོའི་ལྟ་གྲུབ་ཤོག་ཁག་གཉིས་བར་རྩོད་རྙོག་བྱུང་ནས་ཀོ་རི་ཡ་ལྷོ་བྱང་ཕྱོགས་གཉིས་སུ་ཁ་གྱེས། དུས་དེ་ནས་བཟུང་ལྷོ་བྱང་ཀོ་རི་ཡ་གཉིས་བར་མི་མཐུན་པའི་གནད་དོན་ཡང་ཡང་ཡོང་གི་ཡོད་ལ། ལྷོ་ཀོ་རི་ཡ་ལ་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། བྱང་ཀོ་རི་ཡ་ལ་རྒྱ་ནག་གཙོས་པའི་ཨུ་རུ་སུ་དང་ཨི་རན་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ལྷོ་བྱང་ཀོ་རི་ཡ་གཉིས་བར་འཆམ་མཐུན་ཞིག་གཏན་ནས་ཡོང་གི་མེད། 

བྱང་ཀོ་རི་ཡའི་དམག་མི་ཟུར་པ་(Ahn Hak-sop)ཞེས་པ་ཁོང་ཐོག་མར་ཕྱི་ལོ་༡༩༥༢ ལོར་བྱང་ཀོ་རི་ཡའི་དམག་མིའི་ནང་འཛུལ་ཡོད་འདུག་ཅིང་། ཕྱི་ལོ་༡༩༥༣ ཟླ་བ་༤ པའི་ནང་ཁོང་རང་ལོ་༢༤ ཡིན་སྐབས་ལྷོ་ཀོ་རི་ཡའི་དམག་མིས་འཛིན་བཟུང་བྱས་ཡོད་འདུག དེ་རྗེས་ལྷོ་ཀོ་རི་ཡའི་གཞུང་གིས་ཁོང་མི་ལོ་༤༢ རིང་བཙོན་འཇུག་ཁྲིམས་ཐག་བཅད། མཐར་ཀོ་རི་ཡའི་རྒྱལ་ཁབ་ཉི་ཧོང་གི་དབང་བསྒྱུར་འོག་ནས་རང་བཙན་རག་པའི་ཉིན་མོ་སྟེ། ཕྱི་ལོ་༡༩༩༥ ཟླ་བ་༨ པའི་ཚེས་༡༥ ཉིན་གློད་བཀྲོལ་ཐོབ་ཡོད་འདུག ཀོ་རི་ཡ་དེ་ཉི་ཧོང་གི་དབང་བསྒྱུར་འོག་ནས་མི་ལོ་༣༥ རྗེས་ཏེ་ཕྱི་ལོ་༡༩༤༥ ལོར་རང་བཙན་རག་ཡོད། སྐབས་དེ་དུས་ཀོ་རི་ཡ་ལྷོ་བྱང་གཉིས་རྒྱལ་ཁབ་གཅིག་ཡིན།

bbc Photo

(Ahn Hak-sop)ཁོང་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་གྲོང་གསེབ་ཆུང་ཆུང་(Gimpo)གྷེམ་པོ་ཟེར་བ་ཞིག་ནང་ད་བར་བསྡད་ཡོད་འདུག་ཅིང་། ཕྱི་ལོ་༢༠༠༠ སྐབས་སུ་ལྷོ་ཀོ་རི་ཡའི་ནང་དུ་ཡོད་པའི་བྱང་ཀོ་རི་ཡའི་བཙོན་པ་རྣམས་ཕྱིར་གློད་བཀྲོལ་གཏོང་དུས། ཁོང་ལ་ཡང་ཕྱིར་བྱང་ཀོ་རི་ཡར་ལོག་རྒྱུའི་གོ་སྐབས་ཤིག་བྱུང་འདུག་ཀྱང་། ད་བར་ལྷག་པའི་རྒྱུ་མཚན་ནི།  ཁོང་གིས་ངས་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་དེ་ཡར་རྒྱས་ཕྱིན་ནས་ཕྱོགས་སོ་སོ་ལ་ཡོད་པའི་སྤུན་ཟླ་ཚང་མ་རང་དབང་ངང་ཕན་ཚུན་འགྲོ་འདུག་བྱེད་ཆོག་པའི་གོ་སྐབས་ཤིག་ཤར་ཡོང་བསམ་ནས་བསྒུགས་ཡོད་ཀྱང་། ད་བར་ངའི་རྨི་ལམ་དེ་མངོན་འགྱུར་འབྱུང་ཐུབ་མེད། འོན་ཀྱང་ངས་ད་བར་ང་སྡོད་སའི་ས་ཆ་དེ་ཨ་རི་བཙན་རྒྱལ་རིང་ལུགས་ལ་སྤྲད་མེད། གལ་སྲིད་ལྷོ་བྱང་ཀོ་རི་ཡ་གཉིས་བར་འཆམ་མཐུན་དང་གཅིག་སྒྲིལ་ཞིག་མ་ཡོང་སྔོན་ང་བྱང་ཀོ་རི་ཡ་ལ་ལོག་སོང་ན། ངའི་ཉལ་ཁྲི་ཨ་རི་བཙན་རྒྱལ་རིང་ལུགས་ལ་སྤྲད་པ་དང་གཅིག་པ་རེད། (ཨ་རི་བཙན་རྒྱལ་རིང་ལུགས་ཟེར་དུས་ལྷོ་ཀོ་རི་ཡའི་ནང་ཡོད་པའི་ཨ་རིའི་དམག་མི་རྣམས་ལ་ལབ་ཀྱི་ཡོད་པར་བརྗོད་འདུག) ང་མི་ཞིག་ཡིན་པའི་ཆ་ནས་ངས་ཀླད་པ་མེད་པའི་ལས་ཀ་དེ་འདྲ་བྱེད་ཐུབ་ས་མ་རེད་ཅེས་བརྗོད་པ་དང་།

ལྷོ་བྱང་ཀོ་རི་ཡ་གཉིས་བར་འཆམ་མཐུན་དང་གཅིག་སྒྲིལ་ཞིག་ཡོང་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་ཨ་རིའི་གཞུང་གིས་ཁ་བྲལ་གཏོང་གི་ཡོད་པར་བརྗོད་འདུག ཕྱི་ལོ་༢༠༠༤ ལོར་ཁོང་ལ་ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡ་དང་དམར་ཤོག་གི་ལྟ་གྲུབ་དོར་དགོས་སྐོར་གྱི་བཙན་བཀའ་བཏང་ནས། ཁོང་ལ་ཡིག་ཆའི་ཐོག་མཚན་རྟགས་འགོད་དགོས་པའི་བཙན་སྐུལ་བྱས་ཡོད་འདུག་ཀྱང་། ཁོང་གིས་ངས་ནམ་ཡང་མཚན་རྟགས་བཀོད་མ་མྱོང་། ངས་མཚན་རྟགས་མ་བཀོད་པ་ལ་བརྟེན་ནས་ངས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱོང་དགོས་བྱུང་སོང་ལ། འགྲེལ་བརྗོད་དཀའ་བའི་སྡུག་གི་ལོ་ཟླ་མང་པོ་ཞིག་འདི་ལྟར་རྫོགས་དགོས་བྱུང་སོང་ཞེས་བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན། ཁོང་བྱང་ཀོ་རི་ཡ་ལ་ཕྱིར་ཐོན་གྲབས་ཡོད་དུས་ས་མཚམས་ནས་བརྗོད་འདུག

(Ahn Hak-sop)ཁོང་ཕྱི་ལོ་༡༩༣༠ ལོར་བྱང་ཀོ་རི་ཡའི་ནང་སྐྱེས་ཡོད་འདུག་ཅིང་། ཁོང་སྐྱེ་དུས་ཀོ་རི་ཡའི་རྒྱལ་ཁབ་དེ་ཉི་ཧོང་གི་དབང་བསྒྱུར་འོག་ཡོད་འདུག་པ་དང་། ཁོང་ཆུང་དུས་ཉི་ཧོང་པ་ཞིག་ཏུ་གྱུར་ཡོང་བསམ་ནས་ཁོང་གི་ཕས་ཁོང་སློབ་གྲྭར་བཏང་མི་འདུག་ཀྱང་། ཕྱིས་སུ་ཕ་གྲོངས་རྗེས་ཁོང་སློབ་གྲྭར་ཕྱིན་ཡོད་འདུག ཁོང་ལ་མིང་སྲིང་བུ་གསུམ་དང་བུ་མོ་གཉིས་བཅས་ཁྱོན་ལྔ་ཡོད་ཅིང་། ཁོང་ནི་བུ་ཆུང་ཤོས་དང་ཕྲུ་གུ་གསུམ་པ་དེ་ཡིན་འདུག ཕྱི་ལོ་༡༩༤༨ ལོར་ཀོ་རི་ཡ་ལྷོ་བྱང་གཉིས་བར་དུམ་བུ་ཕྱིན་ནས་ལྷོ་ཀོ་རི་ཡ་ལ་ཨ་རིས་རྒྱབ་སྐྱོར་བྱས། བྱང་ཀོ་རི་ཡ་ལ་ཨུ་རུ་སུས་རྒྱབ་སྐྱོར་བྱས་ནས། དུས་ད་དུང་ཡང་ཀོ་རི་ཡ་ལྷོ་བྱང་གཉིས་བར་གཅིག་འགྱུར་བཟོ་ཐུབ་ཀྱི་མེད་པ་དང་། ཕྱོགས་གཉིས་ཕན་ཚུན་བར་དགྲ་རུ་ངོས་འཛིིན་བྱེད་ཀྱི་ཡོད། (Ahn Hak-sop)ལྟ་བུར་མཚོན་ན་ཨ་རིའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་མི་དགའ་ཞིང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་(Kim Jong Un)ལ་ཧ་ཅང་དགའ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག་ལ། ཁོང་གིས་བྱང་ཀོ་རི་ཡ་ད་ལྟ་སྟོབས་འབྱོར་མངའ་ཐང་རྒྱས་ཡོད་པ་དང་། ཨ་རིའི་བཙན་རྒྱལ་རིང་ལུགས་འགོག་རྒོལ་ཐུབ་ཀྱི་ཡོད་པ་སོགས་བརྗོད་འདུག (Ahn Hak-sop)ཡིས་དེ་ལྟར་ཤོད་དགོས་པའི་རྒྱུ་མཚན་གཅིག་ནི་ཕྱི་ལོ་༡༩༤༨ སྐབས་སུ་ཀོ་རི་ཡའི་རྒྱལ་ཁབ་ནང་དམངས་གཙོ་དང་དམར་ཤོག་གི་ལྟ་གྲུབ་འཁྱེར་མཁན་བར་ནང་འཁྲུག་ཤོར་དུས། ཁོང་གི་སྐྱེས་ཡུལ་ས་ཁུལ་དེ་ཨ་རི་ཡིས་དབང་བསྒྱུར་མྱོང་ཡོད་འདུག་པ་དང་། སྐབས་དེ་དུས་ཨ་རིས་ས་ཁུལ་དེ་དག་གི་མི་མང་ཚོའི་ཐོག་དུས་ཡུན་རིང་པོར་དྲག་པོའི་དམག་ཁྲིམས་བཏང་ནས་ཧ་ཅང་དཀའ་སྡུག་ཆེན་པོ་སྤྲད་ཡོད་པའི་རྐྱེན་གྱིས་ཡིན་པར་བརྗོད་འདུག 

བདུན་འདིའི་གཟའ་ལྷག་པའི་ཉིན་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་ལས་འགུལ་བ་དང་ཆབ་སྲིད་པ། གཞན་མི་མང་མང་པོ་འཛོམས་ནས་ཁོང་ལ་ཕེབས་སྐྱེལ་ཞུ་དུས་ཁོང་གིས་ལོ་རྒྱུས་དེ་དག་བཤད་ཡོད་འདུག མཐར་ཁོང་རང་ཉིད་དགུང་ལོ་༩༥ ཐོག་རང་ཡུལ་བྱང་ཀོ་རི་ཡ་ལ་ཕྱིར་ལོག་ཡོད་འདུག་ཅིང་། ད་ལྟ་ཁོང་གི་གཟུགས་གཞི་ཐང་པོ་མིན་པའི་རྐྱེན་གྱིས་མི་གཉིས་ཀྱིས་རོགས་རམ་བྱས་ནས་བྱང་ཀོ་རི་ཡའི་ས་ཐོག་ཏུ་སྐྱེལ་རོགས་བྱས་ཡོད་འདུག སྐབས་དེ་དུས་ཁོང་གིས་ངས་མི་ཚེ་རང་ཡུལ་དུ་སྐྱེལ་རྒྱུ་བྱུང་མེད་ཀྱང་། ངའི་རོ་བཙན་རྒྱལ་རིང་ལུགས་མེད་པའི་རང་ཡུལ་གྱི་ས་ཐོག་ཏུ་སྦས་རྒྱུ་ཡིན་ཞེས་བརྗོད་ནས་ལོག་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།