དུས་དབང་གནང་རྒྱུའི་ཚེས་གྲངས་གཏན་ཁེལ།
དེ་སྔོན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བཀྲ་ཤིས་ལྷུན་པོའི་གདན་སར་ཕྱི་ལོ་ ༢༠༡༧ ཟླ་ ༡ པོའི་ནང་དུས་འཁོར་དབང་ཆེན་བསྩལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བ་ལྟར། བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ཟླ་༡༡ ཚེས་༥ ནས་༡༦ བར་དང་། ཕྱི་ལོ་ ༢༠༡༧ ཟླ་༡ ཚེས་༣ ནས་༡༣ བར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་དུས་ཀྱི་ཚེས་གྲངས་གཏན་ཁེལ་ཡོད་པའི་གསལ་བསྒྲགས་བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་༢༠༡༦ ཟླ་༥ ཚེས་༢༤ སྤེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
