བུད་མེད་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ།

ཟླ་འདིའི་ཚེས་༡༥ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཐོག བུ་མོ་དབང་མོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་༸གོང་ས་མཆོག་གི་སྐུ་པར་ཕྱག་ཏུ་བཟུང་ནས་ཡུལ་ཚོའི་གཞུང་ལམ་དུ་གོམ་བགྲོད་བྱས་ཡོད་ཅིང་། གནས་ཚུལ་དེ་བྱུང་རྗེས་ཁོང་མོ་རྔ་པའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།

ZuAJzagRutzOYwlRXwJ17Eg6OczzJAdofd3DMoQ7ilZiLkEUKTSNcsd6JhtXsw2Lk6gUTA=w1886-h800དྷ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། དབང་མོ་རང་ལོ་༢༢ ཡས་མས་ཤིག་ཡིན་པ་དང་། ཁོང་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཕ་ཞེ་ཆེན་དང་མ་རྒྱལ་གཉིས་ཀྱི་བུ་མོ་ཡིན་འདུག རུ་ཆེན་ལྔ་པའི་གཟུངས་འདུས་སྐྱིད་ཚང་གི་བུ་བསྟན་འཛིན་གྱི་མནའ་མ་ཡིན་པ་དང་། ཁོང་གཉིས་ལ་བྱིས་པ་གཉིས་ཡོད་འདུག །