བོད་ཀྱི་དཔེ་མཛོད་ཁང་གིས་ཉེ་ཆར་དཔར་དུ་བསྐྲུན་པའི་དེབ་འགའ་ངོ་སྤྲོད།

༡)གཡུང་དྲུང་བོན་གྱི་ལམ་རིམ་སུམ་བརྒྱ་པ་དང་དེའི་འགྲེལ་པ་ཞེས་པ་འདི་ནི་མེ་སྟོན་ཤེས་རབ་འོད་ཟེར་གྱིས་རྩ་བ་དང་། གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱིས་འགྲེལ་པ་མཛད་པ་ཞིག་རེད་འདུག་ལ། བརྗོད་བྱ་ནི་བླ་མ་བསྟན་པ་ནས་གདམས་པ་བསྟན་པའི་བར་དོན་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞིག་རེད་འདུག 

༢) རྟོག་པའི་རི་མོ་ཞེས་པའི་དེབ་འདི་ནི་རྩོམ་པ་པོ་དགེ་འདུན་རབ་གསལ་གྱིས་སྔོན་ཆད་བྲིས་པའི་དཔྱད་རྩོམ་དང་ཟིན་ཐོ་ཁག་ཅིག་ཞུ་སྒྲིག་གནང་བ་ཞིག་རེད་འདུག་པ་དང་། འདིའི་ནང་དུ་ཧོར་གོང་མའི་ཕོ་བྲང་གི་བོད་ཀྱི་རྩོམ་པ་པོ། བསྟན་རྩིས་ཀུན་ལས་བཏུས་པ་དང་ལོ་ཚིགས་དྭངས་ཤེལ་མེ་ལོང་གཉིས་བསྡུར་པའི་དཔྱད་ཞིབ་ཐོར་བུ་ཞིག བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མཁན་ཆེན་དགེ་འདུན་རྒྱ་མཚོའི་སྐུ་ཚེ་སོགས་འདུག 

༣) གཏམ་ཚོགས་ཞེས་པའི་དུས་དེབ་འདི་ནི་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་ལྟར་ཐེངས་གཉིས་རེ་འདོན་སྤེལ་གནང་བཞིན་པའི་དཔྱད་རྩོམ་ཁོ་ནའི་དུས་དེབ་གཅིག་ཡིན་པ་དང་། ཐེངས་འདི་གཏམ་ཚོགས་སྤྱིའི་འདོན་ཐེངས་༦༧ པ་དང་ཕྱི་ལོ་༢༠༢༥ ལོའི་དེབ་དང་པོ་དེ་རེད་འདུག 

༤)ལོ་ཆེན་བྱང་ཆུབ་རྩེ་མོ་ཞང་དབོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཞེས་པ་འདི་ནི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བཙུན་པ་རྒྱལ་སྐྱབས། ལོ་ཙྰ་བ་གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་བཅས་ཀྱིས་མཛད་པ། དཔང་ལོ་ཙྰ་བའི་རྣམ་ཐར། ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་ཐར། ལོ་ཆེན་གྲགས་པ་རྒྱལ་མཚན་བཅས་ཀྱི་རྣམ་ཐར་ཞིག་དང་། དགེ་འདུན་རབ་གསལ་གྱིས་ཞུ་སྒྲིག་དང་མཆན་བཏབ་གནང་བ་ཞིག་རེད་འདུག