མོན་གྷོ་ས་གནས་འཐུས་མིའི་ལས་ཁུར།

ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འཐུས་ཚོགས་སྐབས་དགུ་པའི་འོས་མིར་འདེམས་ཐོན་བྱུང་བའི་ས་གནས་འཐུས་རྣམས་ཀྱིས་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ཞིག་མོན་གྷོ་ས་གནས་གྲོས་ཚོགས་ཚོགས་ཁང་ནང་འཚོགས་ཡོད་པ་རེད།

mondgདེ་ཡང་མོན་གྷོ་ས་གནས་འོས་བསྡུ་ཚོགས་ཆུང་ནས་ས་གནས་འཐུས་མི་སྐབས་༩   པ་༢༠༡༥ ལོའི་ཟླ་༤ པའི་ཚེས་༡༥ ཉིན་སྔོན་འགྲོའི་འོས་བསྡུ་དང་།   ཚེས་༢༩ ཉིན་དངོས་གཞིིའི་འོས་བསྡུ་གྲུབ་ནས་ཕྱི་ཕྱི་ཟླ་༥ ཚེས་༨ མོན་གྷོ་ས་གནས་འཐུས་ཚོགས་སྐབས་དགུ་པའི་འཐུས་མིར་འདེམས་ཐོན་བྱུང་བ་རྣམས་ཀྱིས་རྒྱ་གར་ལྷོ་གཞིའི་ཁག་ལྔའི་ཁྲིམས་ཞིབ་པས་མདུན་ནས་ལས་ཁུར་དམ་འབུལ་དང་། སྐབས་༩ པའི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱས་ཡོད་པ་རེད།

མོན་གྷོ་ས་གནས་འཐུས་ཚོགས་སྐབས་༩   པའི་ཚོགས་གཙོ་བསོད་ནམས་རྡོ་རྗེ་དང་ཚོགས་གཞོན་དགེ་བཤེས་རྣམས་རྒྱལ་རྒྱལ་མཚན་འདེམས་ཐོན་བྱུང་ཡོད་པ་དང་། ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་ནང་གླེང་རྙོག་དང་ནོར་འཁྲུལ་འགལ་འཛོར་གང་ཡང་བྱུང་མེད་པ་མ་ཟད། འོས་བསྡུས་གྲུབ་འབྲས་ཀྱང་ཡག་པོ་བྱུང་སོང་།   ས་གནས་མི་མང་གིས་ངོས་ནས་ཀྱང་གལ་ཆེན་དོན་ཆེན་ལ་གཟིགས་ནས་འོས་བསྡུའི་ཆ་ཤས་ཡག་པོ་བླངས་སོང་ལ། འོས་བསྡུ་ཚོགས་ཆུང་གི་ངོས་ནས་ཡིན་ན་ཡང་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་གི་ཐོག་ནས་དྲང་པོ་དྲང་བཞག་གི་ཐོག་ནས་ལས་ཀ་བྱས་ཡོད་ཅེས་གསུངས་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།